12297

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:38, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གློ་བུར་བའི་གཏན་ཚིགས་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཆོས་ཀུན་གློ་བུར་བ་ཡིན་པའི་གཏན་ཚིགས་རྣམ་པ་བཞི་སྟེ། རྒྱུད་དེའི་ལེའུ་བརྒྱད་པར། ལངྐའི་བདག་པོ། དེའི་ཕྱིར་མིང་དང༌བརྡ་དང་ཐ་སྙད་དང་མཚན་མ་དང༌བཏགས་པ་དང༌ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་ནི་གློ་བུར་བ་སྟེ། འབྱུང་བ་དང༌། སངས་པ་དང༌། སྒྲིབ་པ་དང༌། དང་བར་རིག་པར་བྱའོ། །ཞེས་པའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཁམས་གསུམ་ལ་སོགས་པ་ཐམས་ཅད་ནི་ངོ་བོ་གློ་བུར་བ་སྟེ། དེའི་མཚན་ཉིད་ཞེན་པ་པོ་ལ་རྒྱུ་རྐྱེན་ལས་འབྱུང་བར་སྣང་བ་དང༌། ཞེན་པས་འདོག་པ་དེ་ཉིད་དག་པས་སངས་པར་གྱུར་པ་དང༌། དོན་མཐོང་དུ་མི་སྟེར་བས་སྒྲིབ་པ་དང༌། མཚན་མ་དེ་ཉིད་འབྱོངས་པས་སྒྲིབ་པ་རྣམས་རང་སར་དང་པར་རིག་པར་བྱ་སྟེ། གློ་བུར་གྱི་གཏན་ཚིགས་བཞིར་འགྱུར་བའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:གློ་བུར་བའི་གཏན་ཚིགས་བཞི་

|; |@@@ | | }}