12421

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:40, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཤིན་གསོན་མིག་གི་རྩིས་ (1)
Part of speech མིང་ཚིག
Definition རྩིས་ཆེན་བདུན་གྱི་ནང་གསེས་ཤིག་སྟེ། ནད་རྩིས་ཐང་ཤིང་གི་རྩིས་མིག་བཅུ་དྲུག་པོ་འཕྲེད་དུ་བང་བསྒྲིགས་ནས་བཞག་པ་ལས་དངོས་བསྟན་བཅོ་ལྔའི་འཐབ་རྡེལ་དག་གི་གྲས་སུ་རྡེལ་དཀར་བཞིའི་དབུས་སུ་ནག་པོ་གཅིག་ཅན་བྱུང་ན་གསོན་མིག་ཅེས་དང་། རྡེལ་ནག་བཞིའི་དབུས་སུ་དཀར་པོ་གཅིག་ཅན་བྱུང་ན་གཤིན་མིག་ཅེས་ཟེར་ཞིང་། འདི་ནི་ལའུ་པཎ་རྒྱལ་གྱི་བཞེད་པ་ཡིན། གསོན་མིག་དེ་ཕའམ་སྐྱེས་པའི་ས་ཞེས་པ་རྩིས་མིག་བཅོ་ལྔ་པོ་ཆ་གསུམ་དུ་སྙོམས་བགོས་བྱས་པའི་ལྔ་ཚན་དང་པོར་བྱུང་ན་དགྲ་འདྲེ་ཡི་སྙིང་དབྱུང་། མའམ་བུད་མེད་ཀྱི་ས་ཞེས་པ་ལྔ་ཚན་གཉིས་པར་བྱུང་ན་བུད་མེད་ཀྱིས་ཕོ་ལས་བྱེད། བུའམ་བྱིས་པའི་ས་ཞེས་པ་ལྔ་ཚན་གསུམ་པར་བྱུང་ན་སྲི་ཅན་དཀྱུས། ཕོ་མོའི་བར་དུ་བྱུང་ན་ཕུ་ལྷ་རྒྱལ། མ་བུའི་བར་དུ་བྱུང་ན་སྲིད་རྐང་ཚུགས། དེ་ལྟར་དཀར་བཞིའི་དབུས་རྡེལ་ནག་གཅིག་ཚུད་ན་དེ་ཤི་ཞེས་ཟེར་ཞིང་། སྟོད་སྨད་བར་གསུམ་གང་དུ་ཤི་ཡང་ཝ་ཡིས་སྟག་སྙིང་ཟོས་ཞེས་བཟང་པ་ཡིན། ཡང་དེ་བཞིན་དུ་གཤིན་མིག་དེ་ལྔ་ཚན་དང་པོ་ཕོ་སར་བྱུང་ན་སྐྱེས་བླ་སྟོར། ལྔ་ཚན་གཉིས་པ་མོ་སར་བྱུང་ན་གཉེན་བླ་འཁྱམས། ལྔ་ཚན་གསུམ་པ་བུ་སར་བྱུང་ན་གཡུ་ལུག་སྟོར། ཕོ་མོའི་བར་དུ་བྱུང་ན་མུན་འཁོར་འཁྲིགས། མ་བུའི་བར་དུ་བྱུང་ན་དལ་ཡམས་འབབ། དེ་ལྟར་མ་བྱུང་བར་རྡེའུ་སྣ་ཚོགས་བྱུང་ན་གདོན་བསྒྲིབས་ཐང་ཤིང་མ་བབས། གསོ་དཀའ་བའི་འབྱུང་འཁྲུག་ནད་ཡིན་པས། བཅོས་སུ་མདོ་ཐིག་དང་། གཙུག་ཏོར་བཞི་སྒྲོམ། བརྒྱ་བཞི། མཁའ་འགྲོ་གྲིབ་སེལ། དཀར་ཆོས་བཅས་ཀྱི་རིམ་གྲོ་བྱ་དགོས།
Domain རྩིས་རིག