12422
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྦས་པ་མཛུབ་ཚུགས་ལས་གསུངས་པའི་མན་ངག་ཅིག་སྟེ། བརྩི་བྱའི་ལུས་དབང་ཀླུང་གསུམ་གྱི་ཁམས་ཀྱིས་རང་གི་སྲོག་ཁམས་སྐྱོབ་པ་ལ་ཟེར་ཞིང་། བརྩི་བྱ་དེ་རིགས་ལོ་དྲུག་ཅུར་ལོན་པའི་རྒན་མོ་ཞིག་ཡིན་ཡང་ཐ་མར་མི་རབས་མི་ཆད་པར་བཤད། གལ་སྲིད་བརྩི་བྱའི་ལོ་ཁམས་ཤིང་སྟག་ཡིན་པ་ལྟ་བུར་མཚོན་ན། ལུས་ཁམས་ཆུ་སྲོག་ཁམས་ཤིང་གི་མར་འགྲོ་བས་ལུས་ཀྱིས་སྐྱོབ་པའི་གཤིན་ཆུ་རབ་བརྒལ་སྐར་མ་དང་། ཤིང་རྟ་ཡིན་པ་ལྟ་བུར་མཚོན་ན། དབང་ཁམས་ཤིང་སྲོག་ཁམས་མེ་ཡི་མར་འགྲོ་བས་དབང་ཐང་གིས་སྐྱོབ་པའི་གཤིན་ཆུ་རབ་བརྒལ་སྐར་མ། ཤིང་ལུག་ཡིན་པ་ལྟ་བུར་མཚོན་ན། ཀླུང་ཁམས་མེ་སྲོག་ཁམས་ས་ཡི་མར་འགྲོ་བས་ཀླུང་རྟས་སྐྱོབ་པའི་གཤིན་ཆུ་རབ་བརྒལ་སྐར་མ་བཅས་ཡིན་ཞིང་། དེ་བཞིན་དུ་སྲོག་ལུས་ཀླུང་གསུམ་གྱི་ཁམས་ཀྱིས་དབང་ཁམས་དང་། སྲོག་ལུས་དབང་གསུམ་གྱི་ཁམས་ཀྱི་ཀླུང་ཁམས་བཅས་ཚུར་གསོ་བ་དག་ཀྱང་གཤིན་ཆུ་རབ་བརྒལ་སྐར་མ་ཡིན། སྐར་རྩིས་ཀུན་འདུས་ཆེན་མོར་བརྩི་བྱ་དག་གི་སྲོག་དབང་ཀླུང་གསུམ་གྱི་ཁམས་སོ་སོའི་ལུས་སོགས་གཞན་གསུམ་གྱི་ཁམས་ཀྱི་མའམ་གྲོགས་དང་། ས་ཆུ་ནང་ཕྲད་ཡིན་པ་དག་གཤིན་ཆུ་རབ་བརྒལ་ཡིན་པར་དཔེར་བརྗོད་ཀྱི་ལམ་ནས་གསུངས་འདུག་ཀྱང་། བདག་གིས་ཕྱིར་ལྡོག་སྟེ་དེ་གསུམ་གྱི་ཁམས་སོ་སོའི་ལུས་སོགས་གཞན་གསུམ་གྱི་ཁམས་ཀྱི་བུར་འགྲོ་བ་དག་དང་། དེ་མིན་གྲོགས་སུ་འགྲོ་བའམ་གོང་ལྟར་ས་ཆུ་ནང་ཕྲད་ཡིན་པ་དག་གཤིན་ཆུ་རབ་བརྒལ་སྐར་མ་ཡིན་པར་ངོས་འཛིན་བྱས་ཡོད་པས་རིགས་པས་དཔྱོད་ཅིག |
| Domain | རྩིས་རིག |