From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ (1)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཤྲཱི་བི་རཱུ་པས་མཛད་པའི་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལལ་རང་འགྱུར་དུ་མཛད། ཟུར་མཆན། ཆོས་ཚན་འདིའི་འཕྲོར་བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མའི་དཀར་ཆག་ཏུ་གཏོར་མའི་ཆོ་གོ་བིརྦ་པས་མཛད་པ། པཎྜི་ཏ་ཉི་མའི་དབང་པོའི་འོད་ཟེར་དང་། ཆག་ཆོས་རྗེ་དཔལ་གྱི་འགྱུར་ཞེས་པའི་ཆོས་ཚན་ཞིག་འཁོད་ཀྱང་། དེ་པར་མ་ཁག་ཏུ་མི་བཞུགས་ལ་སྡེ་དཀར་དུའང་མ་བྱུང་ཞེས་མཆན་འཁོར། བསྟན་འགྱུར་རྒྱུད་ཙི་པར་བཞུགས།
|
གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ (2)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཆེན་པོ་དཔལ་འཛིན་གྱིས་མཛད་པའི་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། ལྷའི་སྐད་ལ་ལེགས་པར་ཞུགས་པའི་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར། བསྟན་འགྱུར་རྒྱུད་ཙི་པར་བཞུགས།
|
གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ (3)
| Part of speech
|
མིང་ཚིག
|
| Definition
|
དཔལ་རྣམ་པར་སྣང་མཛད་སྲུང་བས་མཛད་པའི་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔ་ནས་ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཙི་པར་བཞུགས།
|