12572
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱའི་སྐོར་འགོ་བཅོ་ལྔ་ལས་བར་སྣང་གཡུ་འབྲུག་སྔོན་མོའི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་བའི་སྟོན་པ་གཤེན་རབ་ཀྱི་གདུལ་བྱ་བོན་པོ་རྣམས་ཀྱི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་རྟ་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་དགྲར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་ལུག་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་དགྲར་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་དུ་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་བའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་དེས་གནམ་ལྕགས་བྱ་རུ་བཙས་ཁྱེར་མ་ཁྱེར་བརྟག། རྡེའུར་དཀར་པོ་བྱུང་ན་མ་ཁྱེར་བས་ཤིན་ཏུ་བཟང་། ནག་པོ་བྱུང་ན་ཁྱེར་བས་བོན་གྱི་གསས་མཁར་བརྩིག་དགོས། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་དེས་ལྷ་མངའ་ལྟོང་དམར་ལག་ནས་ཤོར་མ་ཤོར་བརྟག།རྡེའུར་དཀར་པོ་བྱུང་ན་མ་ཤོར་བས་བཟང་། ནག་པོ་བྱུང་ན་ཤོར་བས་བོན་ལ་དར་གུད་ཆེ། བཅོས་རིམ་ལ་ས་བདག་གུང་ཕུར་གཟུག་པ་སོགས་བྱ། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་དེས་ལྷ་འདྲེ་གོ་ལོག་མ་ལོག་བརྟག། རྡེའུར་དཀར་པོ་བྱུང་ན་མ་ལོག་པས་བཟང་། ནག་པོ་བྱུང་ན་ལོག་པས་ལྷ་འདྲེ་ཡོ་བཅོས་ཀྱི་ཆོ་ག་སོགས་བྱ། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དེས་གཡུང་དྲུང་ལྷའི་གྲ་ཡལ་མ་ཡལ་བརྟག།དཀར་པོ་བྱུང་ན་མ་ཡལ་བས་རིགས་རྒྱུད་རྒྱུན་མི་ཆད། ནག་པོ་བྱུང་ཡལ་བས་རིགས་རྒྱུད་ཆད། བཅོས་རིམ་ལ་རིགས་རྒྱུད་གསོ་བའི་ཆོ་ག་བྱ། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་དེས་རྔ་གཤང་གདང་ནས་ལྷུང་མ་ལྷུང་ལ་བརྟག་དགོས། རྡེའུར་དཀར་པོ་བྱུང་ན་མ་ལྷུང་བས་བཟང་། ནག་པོ་བྱུང་ན་ལྷུང་བས་ཕོ་ལྷ་འབྲོས་བསྙགས་དང་བསྐང་གསོ་བྱ་དགོས། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་དེས་སྟག་གཟིག་འཛུམ་དྲུག་ཡལ་མ་ཡལ་བརྟག།རྡེའུར་དཀར་པོ་བྱུང་ན་མ་ཡལ་པས་བོན་གྱི་རིགས་རྒྱུད་འཕེལ། ནག་པོ་བྱུང་ན་ཡལ་བས་བོན་གྱི་རིགས་རྒྱུད་ལ་ངན། བཅོས་རིམ་ལ་ས་གཞི་གཉན་གྱི་ཡོ་བཅོས་བྱ། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་དེས་རྒོད་ཀྱི་ལྡེམ་འཕྲུ་རྐེད་དུ་ཆག་མ་ཆག་བརྟག། རྡེའུར་དཀར་པོ་བྱུང་ན་མ་ཆག་པས་ཤིན་ཏུ་བཟང་། ནག་པོ་བྱུང་ན་ཆག་པས་ལྷ་གསོལ་གཡང་ལོན་དང་ཚེ་ཆོག་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་དེས་སྔོ་ཐུལ་མཐའ་ནས་ཟགས་མ་ཟགས་བརྟག།རྡེའུར་དཀར་པོ་བྱུང་ན་མ་ཟགས་པས་སོན་ལྷ་འགོ་ཞིང་གཡང་ཟས་ཟ། ནག་པོ་བྱུང་ན་ཟགས་པས་བོན་ལྷ་ཁྲོས་ཤིང་ནམ་ཕུགས་སུ་རབས་ཆད་པར་འགྱུར། བཟློག་པའི་བཅོས་རིམ་ལ་མི་རྒྱུད་སྤེལ་བའི་ཆོ་ག་དང་། གསས་མཁར་བརྩིག་ངི་གཡོ་འཁྲུག་བྱ། |
| Domain | རྩིས་རིག |