12578
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་ཕྱོགས་གཏོགས་པའི་བོན་གྱི་ཆོ་ག་ཞིག་སྟེ། དེ་ཡང་གང་གིས་མཛད་ན་བསྟན་པ་འཛིན་པའི་རྒྱལ་པོ་བཅུ་དྲུག་ལས་རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་མཛད་དོ། །ཆོ་ག་དེའི་འཕྲིན་ལས་གོ་རིམ་ལའང་སྔོན་འགྲོ་དང་། དངོས་གཞི། རྗེས་བྱའི་འཕྲིན་ལས་གསུམ་གྱི་བདག་ཉིད་ཅན་ཡིན། དོན་ཆེད་ནི། མཆོད་གཞུང་རང་ལས། བར་ཆད་ལོག་འདྲེན་དབང་དུ་བསྡུད་པ་དང་། བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་ཆེད་དུའོ། །ཞེས་སོ། །འཛམ་གླིང་མཁས་པའི་རྒྱན་དྲུག་ལས་རྒྱ་ནག་མཁས་པ་ལེགས་ཏང་རྨང་པོས་ཆོ་ག་ཕྱག་ལེན་འདི་རྣམས་རྗེས་འཛིན་གནང་ཡོད། དུས་ཕྱིས་སུ་གཏེར་དུ་སོང་སྟེ། གོ་ལྡེ་འཕགས་པས་རག་ཕྲོམ་གྱི་བྲག་ནས་གཏེར་བཞེས་ཞེས་གྲགས་སོ། །ད་བར་བོན་པོའི་སྤྱི་ཚོགས་ནང་དུ་ཆོ་ག་འདི་ཉིད་ཀྱི་བྱེད་སྒོ་རྒྱུན་མ་ཆད་པར་བྱེད་ཀྱིན་གནས་ཡོད། |