12737
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་བ་ཟབ་མོའི་དབང་གསུམ་ནི། མ་ཧཱ་ཡོ་གའི་ལུགས་ཀྱི་ཟབ་དབང་གསུམ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཐབས་ཀྱི་གསང་དབང་། ཤེས་རབ་ཀྱི་གསང་དབང་། ཐབས་ཤེས་གཉིས་སུ་མེད་པའི་གསང་དབང་། ཞེས་དང་། འོད་གསལ་སྙིང་པོ་ལས། ཟབ་དབང་གསུམ་ནི། ཤ་ལྔ་དང་བདུད་རྩི་ལྔ་སོགས་ལ་གཙང་དམེ་མེད་པར་རོལ་པ་ལ་སོགས་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་བའི་དབང་བསྐུར་བ་དང་། རིག་མའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་། ཆོས་ཀུན་མཉམ་པའི་བརྟུལ་ཞུགས་ཅན་ལ་དབང་བཞི་པ་བསྐུར་བ་ནི་ཟབ་མོའི་དབང་གསུམ་དང་། དབང་གོང་མ་གསུམ་ཞེས་ཀྱང་བྱའོ། །ཞེས་གསུངས། མིང་གི་རྣམ་གྲངས་ལ། ཟབ་དབང་། ཟབ་དབང་གསུམ། ཟབ་མོའི་དབང་གསུམ། དབང་གོང་མ་གསུམ་ཞེས་ཀྱང་གསུངས། |
| Domain | ཆོས་ལུགས། |