12954

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་འཕགས་ལུགས་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཉི་ཟླ་འབར་བའི་སྒྲོན་མ་ལས། གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་འཕགས་ལུགས་གསུམ་སྟེ། མ་ཧཱ་ཡོ་གའི་འཕགས་ལུགས་དང་། ཨ་ནུ་ཡོ་གའི་འཕགས་ལུགས་དང་། ཨ་ཏི་ཡོ་གའི་འཕགས་ལུགས་དང་གསུམ་མོ། །མ་ཧཱ་ཡོ་ག་ནི་ཕུང་པོ་ལྔ་ལས་འཕགས་ཏེ། རིགས་ལྔའི་སངས་རྒྱས་སོ། །སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་སོ། །དེ་ལས་ཨ་ནུ་ཡོ་ག་ཉོན་མོངས་དུག་ལྔ་ལས་འཕགས་ཏེ། ཡེ་ཤེས་རྣམ་པ་ལྔའོ། །ཐེག་པ་དེ་བརྒྱད་ལས་ཨ་ཏི་ཡོ་ག་འཕགས་ཏེ། རྫོགས་ཆེན་གྱི་འཕགས་པ་ལ་གསུམ་སྟེ། ཐེག་པ་བརྒྱད་ཀྱི་ལྟ་སྒོམ་ལས་འཕགས་པ་དང་། ཆོས་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་ཁྱད་པར་འཕགས་པ་དང་། བློས་གཏགས་པའི་གྲུབ་པའི་མཐའ་རྣམས་ལས་འཕགས་པ་དང་གསུམ་མོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]