12978

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསང་སྔགས་རྙིང་མའི་སྔོན་འགྲོའི་བགེགས་གཏོར་བཏང་བའི་རིམ་པ་བདུད་ལས་རྣམ་པར་རྒྱལ་བའི་འཁོར་ལོ་ (1)
Part of speech མིང་ཚིག
Definition གཏེར་སྟོན་རཏྣ་གླིང་བས་མཛད་པའི་ཆོ་ག་ཞིག་སྟེ། མཇུག་བྱང་དུ། འདི་ནི་དུས་མཐའི་གཏེར་སྟོན་རཏྣ་གླིང་པས་ཨུ་རྒྱན་ཆེན་པོའི་བཀའ་དང༔ རིག་འཛིན་གོང་མ་རྣམས་ཀྱི་གསུང་ལ་བརྟེན་ནས་གནུབས་གཡུ་མཚོའི་མགུལ་བདེ་ཆེན་གླིང་གི་གཙུག་ལག་ཁང་དུ་ཆུ་གླང་སྦྲུལ་ཟླའི་ཚེས་ཉི་ཤུ་གཉིས་ལ་སྦྱར་བའོ༔ ཡི་གེ་པ་ནི་ཀུན་དགའ་རིན་ཆེན་ནོ༔ ༔ཞེས་གསལ། འདིའི་ནང་དོན་ལ། གསང་སྔགས་བསྐྱེད་རྫོགས་ཀྱི་ཆོ་ག་ལ་འཇུག་པའི་རྣལ་འབྱོར་པས་བསྐྱེད་རྫོགས་ཆེ་འབྲིང་ཆུང་གསུམ་གང་ལ་འཇུག་ཀྱང་ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་སོང་ནས་ལས་བྱང་གི་བཀའ་བསྒོའི་རྗེས་སུ་སྔོན་འགྲོ་གཏོར་མ་བཏང་ཞིང་སྒྲུབ་པ་ལ་མི་དབང་བའི་བགེགས་བསྐྲད་ཀྱི་ལས་ཆོག་ཇི་ལྟར་བྱ་བའི་རིམ་པ་བསྟན།