13065
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གསས་མཁར་སྤྱི་སྤུངས་ཞི་བའི་ལྷ་ཚོགས་ཀྱི་ཁོངས་སུ་བདེར་གཤེགས་རིགས་ལྔའི་ནང་ཚན་གྱི་ཞི་ལྷ་ཞིག་ཡིན། གནས་ནི། དཀྱིལ་འཁོར་ཤར་ཕྱོགས་འགྱུར་མེད་གསས་མཁར་ལ། གདན་ནི་སྟོབས་ལྡན་གླང་པོའི་ཁྲི་རུ་བཞུགས་སོ། །སྐུ་ཡི་ཆ་བྱད་ནི། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། དབུ་ལ་གསེར་གྱི་པྲོག་ཞུ་ལ་མེ་ཏོག་ཨུད་དཔལ་གྱི་ཐོད་ལྡིང་ཅན། སྐུ་ལ་གཡང་གཞི་སེར་པོ་ལ་མེ་ཏོག་ཧ་ཡིས་བརྒྱན་པ་གསོལ་བ། གཡས་པས་གསེར་གྱི་ཆགས་ཤིང། གཡོན་པས་གསེར་གྱི་འཁོར་ལོ་བསྣམས་པ། ཕྱག་རྒྱའི་ཡུམ་ནི་ས་ཡི་ལྷ་མོ་སྲ་བརྟན་ཀུན་བསྐྱེད་མ་ཡིན་ལ། །འཁོར་ནི་གཡུང་དྲུང་རིགས་ཀྱི་བདེར་གཤེགས་ལྷ་དང་ལྷ་མོ་མང་པོས་བསྐོར་བའོ། །ཕྲིན་ལས་ནི། ཐུགས་ལས་འོད་ཟེར་སྤྲོ་བསྡུ་ཡིས་སེམས་ཅན་རྣམས་ལ་ཉོན་མོངས་པ་གཏི་མུག་གི་མུན་པ་སངས་པར་མཛད་དེ་སྒྲིབ་མེད་རང་ཤར་གསལ་བའི་བོན་སྟོན་ནོ། །གཞན་ཡང་སྐུ་གསུང་ཐུགས་སོགས་ཀྱི་ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་འཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཅན་ཞིག་གོ །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷན་ནེ་འདུ་འདུ་གསལ་ཨཱོྃ། ཞེས་པའམ་བསྡུས་ན་གསལ་ཨཱོྃ། ཞེས་སོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། ལྷན་ནེ་ཐབས་སུ་མཚོན། ཨཱོྃ་ནི་སྤྱིར་རྫོགས་སྐུ་མཚོན་ལ་ལུས་གནས་ཀུན་ཁྱབ་ཅིང་གནས་པར་བཤད་པས་འདིར་གསལ་བ་དང་སྦྱར་བས་བསྐྱེད་བྱ་རྫོགས་སྐུ་གསལ་བ་རང་འབྱུང་མཚོན་པའོ། །ལྷ་སྐུ་ཡིག་འབྲུའི་གནས་ཡུལ་ནི། ལུས་ཀྱི་མཚེར་པའི་རྩ་སྡོམ་ལའོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་གཟུགས་ཀྱི་ཕུང་པོའི་བདུད་བཅོམ་ནས་ལོངས་སྐུ་དང་གསས་རྗེ་རྨང་པོའི་སྐུ་རུ་འཐོབ་ལ། མ་རྟོགས་ན་བྱོལ་སོང་གི་ཞིང་དུ་ཤར་བར་གསུངས་སོ། །ཞེས་པ་འདི་ནི་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་དག་ལས་བཏུས་སོ། །མཚན་གྱི་སྒྲ་བཤད་ནི། ཕྱི་དང་ནང་ལྟར་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ལྔ་གྲོལ་བའི་ཡེ་ཤེས་ལྔ་དང་གསང་བ་རང་རིག་པའི་ཡེ་ཤེས་སྒྲིབ་མེད་དུ་འབྱུང་ཞིང་གསལ་བས་གསལ་བ་རང་འབྱུང་། ཞེས་འ་ཞ་འགྲོ་མགོན་གྱི་སྔགས་འགྲེལ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:གསལ་བ་རང་འབྱུང་
|; |@@@ | | }}