13066

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:47, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསལ་བ་སྨྲ་བའི་གྲངས་ཅན་ (1)
Part of speech མིང་ཚིག
Definition ཕྱི་རོལ་པ། གྲངས་ཅན་པ། རྒྱུ་དུས་སུ་སྐྱེས་ཟིན་ཀྱང་དབང་པོའི་ཡུལ་དུ་གསལ་མ་ཟིན་པའི་མྱུ་གུ་ལྟ་བུ་འདི་ཉིད་གསལ་དགོས་པར་འདོད་པའི་གྲངས་ཅན་པ་སྟེ། དེས་སྐྱེས་ཟིན་སླར་ཡང་སྐྱེ་བར་འདོད་ཀྱང་། གསལ་ཟིན་སླར་ཡང་གསལ་བར་མི་འདོད་དེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཡང་གྲངས་ཅན་པ་ཡིན་ན། སྐྱེས་ཟིན་སླར་ཡང་སྐྱེ་བ་མི་འདོད་པས་ཁྱབ་ཟེར་ན། གསལ་བ་སྨྲ་བའི་གྲངས་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་(སྐྱེ་བ་སྨྲ་བའི་གྲངས་ཅན་དང་གསལ་བ་སྨྲ་བའི་གྲངས་ཅན་)གཉིས་ཀྱི་ཁྱད་པར་སྔ་མས་གྲུབ་ཟིན་སླར་ཡང་སྐྱེ་བར་འདོད། ཕྱི་མས་སྐྱེས་ཟིན་སླར་ཡང་གསལ་བར་འདོད་པའི་ཕྱིར་དང༌། རིམ་པ་བཞིན་དུ་སྐྱེས་ཟིན་སླར་ཡང་སྐྱེ་བ་དང༌། གསལ་ཟིན་སླར་ཡང་གསལ་བར་མི་འདོད་པའི་ཕྱིར། དེ་ཡོད་པ་མ་གྲུབ་ན། ཡོད་པར་ཐལ། ཚིག་གསལ་ལས། སངས་རྒྱས་བསྐྱངས་ཀྱི་འགྲེལ་པས་བདག་སྐྱེ་འགོག་ཚུལ་དེས་སྐྱེ་བ་སྨྲ་བའི་ལུགས་ཁེགས་སུ་ཆུག་ཀྱང༌། གསལ་བ་སྨྲ་བའི་ལུགས་མི་ཁེགས་པས་མི་འཐད་ཟེར་ན། དེ་གཉིས་ཚིག་གི་བརྗོད་པ་མི་མཐུན་པ་ཙམ་མ་གཏོགས་གྲུབ་ཟིན་སྐྱེ་དགོས་པར་འདོད་པ་མཐུན་པས་གཉིས་ཀ་ཁེགས་ནུས་པར་གསུངས་པའི་ཕྱིར། དེ་བཞིན་དུ་གྲངས་ཅན་ཡིན་ན་དངོས་པོ་ལ་སྐྱེ་བས་ཁྱབ་པ་དང༌། དེ་ལ་གསལ་དགོས་པའི་ཁྱབ་པ་ཡང་མི་འདོད་དོ། དང་པོ་སྐྱེས་ཟིན་གྱི་མྱུ་གུ་སྐྱེ་བ་མི་འདོད། ཕྱི་མ་གསལ་ཟིན་གྱི་མྱུ་གུ་གསལ་དགོས་པར་མི་འདོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གསལ་བ་སྨྲ་བའི་གྲངས་ཅན་

|; |@@@ | | }}