13088

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:47, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསལ་བྱེད་མེ་ལོང་པྲ་ཡི་མཆོང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་བ་ཡིན་ལ། སྤྱི་སྤུངས་བསྙེན་བསྒྲུབ་(བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ)གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པའི་ཁ་ཚར་ཟུར་བཀོལ་གྱི་བོན་ཏེ། རྣམ་རྟོག་གིས་ལྷ་འདྲེར་འཛིན་པའི་འགྲོ་བ་ལ་ལེགས་ཉེས་བདེན་རྫུན་ཇི་འབྱུང་རྣམས་སྔགས་དང་རྫས་ཀྱི་ནུས་པས་གཞན་རྒྱུད་ལ་ལྷ་དབབ་པའི་པྲ་ལྟས་སོགས་ལས་གསལ་བར་བྱེད་པའི་པྲ་མཚན་གྱི་བོན་སྡེ་ཞིག་སྟེ། གསང་འདུས་དོན་རྒྱུད་ལས། གསལ་བྱེད་མེ་ལོང་པྲ་བརྟག་གསལ་བའི་འཕྱོང་། བྱང་ཆུབ་སེམས་ནི་ལྷ་འདྲེ་གཉིས་མེད་ཅིང་། བཟང་ངན་བྱེ་བྲག་བོན་ཉིད་ཀློང་སྟོར་ན། ལྟ་བས་མཐོང་མེད་མ་མཐོང་རང་གསལ་ཀྱང་། ཀུན་རྫོབ་མཚན་མའི་(མས་)སེམས་ཅན་དོན་མཚོན་ཞིང་། པྲ་མཚན་རིག་པས་འགྲོ་བ་འདུལ་བའི་ཕྱིར། ཡེ་ཤེས་སྤྱན་དང་ལྡན་པའི་གཤེན་རབ་ཀྱིས། ཕྱི་ནང་གསང་གསུམ་པྲ་མཚན་རིག་པས་བརྟག ཅེས་གསུངས་པས། དེ་ལ་དབྱེ་ན། ཕྱི་ནང་གསང་བའི་པྲ་མཚན་བརྟག་ཐབས་ཀྱི་རིག་པ་གསུམ་དུ་དབྱེ་རུ་ཡོད་དེ། ཕྱི་ཡི་གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་། ནང་གི་གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་། གསང་བའི་གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་དང་གསུམ་མོ། །དེ་ལ་ཡང་། ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་། ཕྱ་གཤེན་ཐེག་པའི་དོན་དང་སྦྱར། ཞེས་གསུངས་པའི་དོན་ཇི་ཡིན་སྙམ་ན། བོན་སྒོ་འདི་ཉིད་བཀའ་ལྷོ་ཡི་གཏེར་ལུགས་ཀྱི་རྒྱུ་ཐེག་དང་པོ་ཕྱྭ་གཤེན་ཐེག་པའི་དོན་གྱི་གཞི་ཁོག་དང་མཐུན་པའི་དོན་མ་ཡིན་པ་ནང་གསེས་མོ་རྩིས་གཏོ་དཔྱད་བཞི་ལས་མོ་དང་བྱེད་ལས་བརྟག་ཐབས་ཀྱི་ཆ་ནས་མཐུན་པར་ཡོད་པའི་དོན་དུ་མངོན་ནོ། །ཕྱྭ་གཤེན་གྱི་དོན་དང་སྦྱར་བར་གསུངས་པ་ཡང་། གདུལ་བྱ་འོག་མ་རྣམས་གོང་མར་བཀྲི་དྲང་གི་ཆེད་དུའང་ཡིན་ནོ། །དེ་ཡང་བསེན་ཐུབ་ལས། ཕྱྭ་གཤེན་ཐེག་པའི་བློ་རུ་མ་གོལ་བར། དེ་དང་མཐུན་པར་ལས་ཀྱི་ཐིག་ལེར་ནི། རབ་ཏུ་ཀུན་གཞི་བྱང་ཆུབ་སེམས་ཀྱི་དངོས། གཤེན་ལྷ་འོད་དཀར་ཡེ་སངས་ཇི་ལྟར་རྒྱས། མཁའ་འགྱིང་དཀར་པོ་རང་སོ་ཇི་ལྟར་ཐུབ། ཁམས་གསུམ་སེམས་ཅན་ལས་ཀྱི་ཇི་ལྟར་འཁོར། ཇི་ལྟར་ཡིན་པའི་དོན་མཐོང་པྲ་རྟགས་རབ། ཅེས་པ་སོགས་ཀྱིས་འཕྱོང་འདི་ཉིད་གོང་མའི་བོན་ཡིན་པར་བསྟན་ཏོ། །
Domain ཆོས་ལུགས།

{{#arraymap:གསལ་བྱེད་མེ་ལོང་པྲ་ཡི་མཆོང་

|; |@@@ | | }}