13133

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསས་ཁང་དཀར་ནག་བཀྲ་གསལ་ (1)
Part of speech མིང་ཚིག
Definition བོན། གསས་ཁང་ངམ་ལྷ་ཁང་ཞིག་གི་མིང་སྟེ། སྟོན་པ་གཤེན་རབ་མི་བོ་མཆོག་ནས་བསྟན་པ་རྗེས་བཞག་སྐབས་སུ་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་ལས་རྒོད་རྗེ་རྒྱ་ཡི་གདུང་འཛིན་ལས་ཆད་པའི་ཀོང་ཙེ་འཕྲུལ་རྒྱལ་གྱིས། ཐོག་མ་སྲིན་པོ་དང་མནའ་ཐོ་བཅད་ནས་གསས་ཁང་གི་རྨང་གཞི་བཏིང་ནས་འགོ་བརྩམས་ཀྱང་བར་ཆད་དབང་གིས་དེ་མཐར་མ་ཕྱིན། ཕྱིས་སུ་ཕྱྭ་ཀེང་ཙེ་ལན་མེད་བྱ་བའི་རིག་པའི་ལྷ་མཆོག་ཉིད་དང་སྔོན་གྱི་ལས་སྨོན་གྱིས་མཇལ་འཕྲད་བྱུང་སྟེ། ཀེང་ཙེ་ཉིད་ཀྱིས་སྡོང་གྲོགས་གནང་ནས་ལེགས་འགྲུབ་བྱུང་བའི་གསས་ཁང་ཞིག་ཡིན་ལ། དེའི་མཚན་ལ་ཡང་ཕྱྭ་ཀེང་ཙེ་ལན་མེད་ཀྱིས་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་ཞེས་བཏགས་ཡོད། གསས་ཁང་འདིའི་མཚན་གྱི་གོ་དོན་ནི། གཟི་བརྗིད་པོད་བཅུ་གཅིག་ལས། གསས་ཁང་འདི་ཡི་པད་ཁ་ལྷས་བཏགས་པས། རྩེ་མོ་ནས་ཉི་མ་ཤར་དེ་དཀར། གསས་ཁང་འདི་ཡི་གཞི་མ་སྲིན་གྱིས་བཏིང་པས། རྩ་བ་ནས་མུན་སྲོས་པས་ནག གསས་ཁང་འདི་ཡི་རྐེད་པ་ཀླུ་ཡིས་བྲིས་པས། བར་ནས་གཞའ་འཁྱུག་པས་བཀྲ། གསས་ཁང་འདི་ཡི་དབུ་རྩེ་དང་ཐོག་ཕུབ་དང་ཡང་ཕུབ་རྣམས། ཕྱྭ་སྲིད་སྐོས་གསུམ་གྱིས་བཟོ་བོ་རྣམས་ཀྱིས། ས་ས་སོ་སོ་ནས་བྱས་པས་ནི་གསལ། རྒྱ་མཚོའི་གླིང་གི་ཐོག་ནས་འོད་ཟེར་ལམ་ལམ་གསལ་པས། གསས་ཁང་འདི་ཡི་མཚན་དུ་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་འདོགས་པ། ཞེས་སོ། །འདིར་མདོ་བསྡུས་ཙམ་བཀོད་ཡོད་རྒྱས་པོ་སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལས་བསྟན་པ་རྗེས་བཞག་གི་ལེའུ་ལ་གཟིགས།
Domain ཆོས་ལུགས།

{{#arraymap:གསས་ཁང་དཀར་ནག་བཀྲ་གསལ་

|; |@@@ | | }}