13134
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། དེ་ཡང་འདུལ་བ་པ་རྣམས་ཀྱིས་དུས་ཁྱད་པར་ཅན་དཀའ་ཐུབ་མཛད་པའི་དུས་དང་། ཚེས་བཅོ་ལྔ་ལ་སོགས་གསོ་སྦྱོང་ལེན་པའི་དུས་སུ་དམ་པ་རྣམས་ཀྱི་ཕྱག་འཚལ་ས་དང་། འཚོགས་གྲལ་དུ་བསྙེན་པར་རྫོགས་པའི་དྲང་སྲོང་པ་བཅུ་དང་ལྔ་ཡི་བཞུགས་སའི་དམིགས་བསལ་གྱི་གདན་ཞིག་ཡིན། དེ་ལ་གསས་གདན་དང་གདིང་པ་ཞེས་ཐ་སྙད་འདོག་གོ བཟོ་བྱེད་ནི། རྒྱུན་འདི་ཚོས་མདོག་སྔོན་པོ་དང་ལྡན་པའི་རྒྱུ་ཆ་རས་ལས་གྲུབ་པ་ཞིག་བྱེད་སྲོལ་ཡོད། ཆེ་ཆུང་གི་ཚད་ནི་དཀྱུས་སམ་ཡར་རིང་ཚད་ལ་རང་གི་ཁྲུ་དོ་དང་ལྷག་ཙམ་དགོས་ཤིང་། ཞེང་ཁའམ་ཐད་ལ་རང་གི་ཁྲུ་དོ་དང་ལྡན་པ། དབྱིབས་ནི་གྲུ་བཞི་དང་མཐའ་ཡི་རྣུ་མ་ནི་ཟླུམ་པོ་ཙམ་བྱ་ལ། སྲབ་མཐུག་གི་ཚད་ནི་བཞུགས་སའི་ས་ཆ་ལ་སོགས་ན་སོ་ཆེ་ཆུང་དང་བསྟུན་ན་རུང་སྟེ། འདུལ་བ་ཡོངས་རྫོགས་སྡོམ་བྱེད་རྒྱུད་ལས། གདིང་པ་གསས་གདན་ཚད་ལྡན་འདི། དྲང་སྲོང་བཅུ་སྟེ་ལྔ་ཡི་གནང་། གང་དང་མ་འགལ་རྩེ་རུ་ཆིབས། གདིང་པ་དཀྱུས་སུ་རང་ཁྲུ་དོ་ལྷག ཞེང་དུ་རང་ཁྲུ་དོ་འཆད་འཐེན། གྲུ་བཞི་རྣུ་མ་(ཡི་ཙམ)ཡིན་ཚད་ཟླུམ། མཐུག་སྲབ་ས་དང་ན་སོ་བསྟུན། ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:གསས་གདན་
|; |@@@ | | }}