13137

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསས་མཁར་ཞི་བ་གཡུང་དྲུང་ཡོངས་སུ་རྫོགས་པའི་གཞུང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བོན་གཞུང་འདི་ཉིད་དང་པོ་འོག་མིན་དུ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱིས་ཏིང་ངེ་འཛིན་གྱི་སྒོ་ནས་སྤྲུལ་པའི་སྐུ་སྟོན་པ་འཆི་མེད་གཙུག་ཕུད་ལ་གསུངས། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་ལྷ་ཡུལ་དུ་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་ཕྱི་རབས་རྣམས་ལ་དཔེ་རུ་བསྟན་ཏེ་སྲོལ་དུ་བཞག་པའི་ཆེད་དུ་གཞུང་འདི་ཉིད་ཉམས་མྱོང་གིས་བསྙེན་སྒྲུབ་རྟགས་དང་ལྡན་པར་མཛད། དེ་ནས་ཡབ་ཡུམ་སྲས་གསུམ་སྟེ་ཡབ་འཕྲུལ་གཤེན་སྣང་ལྡན་དང་ཡུམ་བཟང་ཟ་རིང་བཙུན་སྲས་འཆི་མེད་གཙུག་ཕུད་དང་གསུམ་གྱིས་ཕྱི་རབས་ཀྱི་སླད་དུ། ལྟ་བ་ལ་སོགས་བདེན་པའི་དོན་དྲུག་ལས་འཕྲིན་ལས་ཀྱི་དོན་དུ་གཞུང་འདི་ཉིད་ཚིག་དང་ཡི་གེ་རུ་བྲིས་སྟེ་སེམས་ཅན་རྣམས་ཞི་བའི་ལས་ཀྱི་སྤ་བསྐངས་ནས་བདག་ཉིད་ཆེན་པའི་དོན་ལ་རབ་ཏུ་བཀོད་པར་མཛད་དོ། །གཞུང་འདིའི་བརྗོད་དོན་དང་དེ་དག་བསྟན་རིམ་དང་ལེའུ་གྲངས་རྣམས་ཇི་ལྟར་ཡིན་ཞེ་ན། དེ་ཡང་བྱུང་ཁུངས་བསྟན་པ་གཉེར་གཏད་ཀྱི་ལེའུ། ལས་ཀྱི་གོ་རིམ་གྱི་ལེའུ། གནས་དང་ཕུད་བྱིན་གྱིས་བརླབས་པའི་ལེའུ། གནམ་ཐིག་གི་ལེའུ། ཐིག་གི་གོ་རིམ་གྱི་ལེའུ། དཀྱིལ་འཁོར་འབྲི་བཀོད་ཀྱི་ལེའུ། རྒྱན་བཀོད་པའི་ལེའུ། ཆགས་འཇིག་བསྐལ་སྲིད་ཀྱི་དཀྱིལ་འཁོར་གྱི་ལེའུ། ལྷ་དང་གཞལ་ཡས་དཀྱིལ་འཁོར་བཤད་པའི་ལེའུ། ལྷ་དང་གཞལ་ཡས་བསྐྱེད་པའི་ལེའུ། ཞི་ལྷ་རྒྱུན་བསྐྱེད་པའི་ལེའུ། གདན་འབུལ་བའི་ལེའུ། སྤྱན་དྲངས་པའི་ལེའུ། སྤྱན་དབྱེ་བའི་ལེའུ། ཕྱག་བཙལ་བའི་ལེའུ། དུག་ལྔ་རྩ་བར་བཤགས་པའི་ལེའུ། རྩ་བའི་སྤྱི་བཤགས་ཀྱི་ལེའུ། སྒོས་བཤགས་རྩ་བར་དམིགས་པའི་ལེའུ། བྱིན་དབབ་པའི་ལེའུ། དུག་ལྔ་ཡེ་ཤེས་ལྔ་རུ་མཆོད་པའི་ལེའུ། མར་མེའི་མཆོད་པའི་ལེའུ། སྒྲའི་མཆོད་པའི་ལེའུ། སྤོས་མཆོད་ཀྱི་ལེའུ། བདུད་རྩི་སྨན་གྱི་ལེའུ། ལྷབ་ལྷུབ་རྒྱན་གྱི་ལེའུ། མེ་ཏོག་མཆོད་པའི་ལེའུ། གར་གྱི་མཆོད་པའི་ལེའུ། རིན་ཆེན་མཆོད་པའི་ལེའུ། འཕྲོ་འདུ་འོད་ཟེར་གྱི་ལེའུ། ལོངས་སྤྱོད་བྷན་གཏོར་གྱི་ལེའུ། སྨན་གྱི་དངོས་གྲུབ་ཀྱི་ལེའུ། ཚོགས་ཀྱི་(དངོས་གྲུབ་ཀྱི་)ལེའུ། ཕྱག་རྒྱ་སྐུ་བསྟོད་ཀྱི་ལེའུ། སྐུ་བསྟོད་པའི་ལེའུ། རྟགས་ཀྱི་ལེའུ། སྒོ་དབྱེ་བའི་ལེའུ། སྐུ་མདོག་དང་ཕྱག་མཚན་གྱི་དབང་བསྐུར་བའི་ལེའུ། (ཡོན་ཏན་གྱི་)དབང་གི་ལེའུ། གྲགས་པ་(གསུང་གི་)དབང་གི་ལེའུ། ཕྲིན་ལས་ཀྱི་དབང་གི་ལེའུ། སྐུ་ལྔ་ལྷུན་རྫོགས་ཀྱི་དབང་གི་ལེའུ། ཅོད་པན་གྱི་དབང་གི་ལེའུ། དངོས་(གྲུབ་)བྱིན་དབབ་པའི་ལེའུ། དངོས་གྲུབ་ལྷ་ཡི་ཡང་སྙིང་གི་ལེའུ། དངོས་གྲུབ་སྨོན་ལམ་གྱི་ལེའུ། ཞི་ཁྲོ་གནས་འགྱུར་གྱི་ལེའུ། བསྟན་པ་གཉེར་གཏད་ཀྱི་ལེའུ་དང་ཞེ་དྲུག་གོ །དེ་ལྟར་བརྗོད་བྱ་རྣམས་ལེའུ་ཞེ་དྲུག་གི་སྒོ་ནས་གསལ་བར་སྟོན་པའི་བདག་ཉིད་ཅན་ཞིག་གོ །
Domain ཆོས་ལུགས།

{{#arraymap:གསས་མཁར་ཞི་བ་གཡུང་དྲུང་ཡོངས་སུ་རྫོགས་པའི་གཞུང་

|; |@@@ | | }}