13138

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་སྐུ་གསུང་ཐུགས་ཀྱི་བརྣག་པ་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་ལྷ་ཡུལ་དུ་གསུངས་པའི་སྤྱི་སྤུངས་རྩ་བའི་རྒྱུད་གསུམ་གྱི་ནང་ཚན་ཡབ་རྒྱུད་ཡིན་དང་ལེའུ་སོ་གསུམ་པའི་བདག་ཉིད་ཅན་ཞིག་སྟེ། སྲིད་པ་གླེང་གཞི་བསྟན་པའི་ལེའུ། མཛད་མཁན་དཔོན་གསས་ཀྱི་ལོ་རྒྱུས་བསྟན་པའི་ལེའུ། དགོངས་དོན་མཛད་ཚུལ་གྱི་ལེའུ། བསྟན་པའི་སྲོལ་འཛིན་གྱི་སྤྲུལ་པ་མཛད་པའི་ལེའུ། དོན་ཆེད་ཇི་ལྟར་མཛད་པ་དང་བདུད་སྲིན་དྲེགས་པ་བཏུལ་བའི་ལེའུ། དྲེགས་པ་ཕོ་མོ་བཏུལ་བ་དང་སྔགས་ཀྱི་འབྱུང་སྲིད་ཀྱི་ལེའུ། སྒྱུ་འཕྲུལ་དྲ་བ་གཡུང་དྲུང་གསང་བའི་དོན་གྱི་མདོ་རྩ་བསྟན་པའི་ལེའུ། བརྣག་པ་དོན་གྱི་དགོངས་ཚུལ་དང་ཉམས་ལེན་དོན་གྱི་སྤྱི་སྡོམ་བསྟན་པའི་ལེའུ། རྒྱུད་ཀྱི་རྣམ་གྲངས་བསྟན་པའི་ལེའུ། གཡུང་དྲུང་གསང་བའི་སྤྱོད་པ་དོན་གྱི་སྙིང་པོ་གཞི་མི་འགྱུར་བར་བསྟན་པའི་ལེའུ། འགག་མེད་ཡི་གེའི་བརྡའ་བསྟན་པའི་ལེའུ། སྤྲུལ་པའི་ཡི་གེའི་བརྡའ་ཐབས་བསྟན་པའི་ལེའུ། ཞི་བ་དོན་གྱི་མདོ་བསྟན་པའི་ལེའུ། གཡུང་དྲུང་གསང་བའི་སྤྱོད་པ་ལས་ཀྱི་གོ་རིམ་བསྟན་པའི་ལེའུ། ཁྲོ་བོ་རྒྱུད་ཀྱི་མདོ་རྩ་དོན་དུ་བསྟན་པའི་ལེའུ། བསྐྱེད་པ་རྩའི་གནས་ཚུལ་བསྟན་པའི་ལེའུ། ཡིག་འབྲུ་གསང་བའི་རྒྱུ་བཀོད་པ་བསྟན་པའི་ལེའུ། ཕྱག་རྒྱ་བསྟན་པའི་ལེའུ། ཏིང་ངེ་འཛིན་གྱི་རྒྱུད་(རྒྱུ་)བསྟན་པའི་ལེའུ། གཡུང་དྲུང་གསང་བའི་དམ་ཚིག་གཉེར་དུ་བསྟན་པའི་ལེའུ། བསྙེན་བསྒྲུབ་རྩ་བའི་སྤྱི་སྡོམ་ཚིགས་སུ་བསྟན་པའི་ལེའུ། སྔོན་འགྲོ་ཕྱི་ཡི་བསྙེན་པ་བསྟན་པའི་ལེའུ། ཉེ་བ་ནང་གི་བསྙེན་པ་བསྟན་པའི་ལེའུ། བཅའ་གཞི་ལས་ཀྱི་བསྙེན་པ་བསྟན་པའི་ལེའུ། དཀྱིལ་འཁོར་གཞི་ཡི་བསྒྲུབ་པ་བསྟན་པའི་ལེའུ། ངོ་མཚར་ལམ་གྱི་ཡན་ལག་དྲུག་བསྟན་པའི་ལེའུ། འབྲས་བུ་དབང་གི་ཡན་ལག་དྲུག་བསྟན་པའི་ལེའུ། ལས་མཐའ་མཆོང་གི་རིམ་པ་བསྟན་པའི་ལེའུ། རྟགས་དང་གྲུབ་པའི་ལེའུ། རྒྱས་བསྡུས་ཀྱི་རིམ་པ་དང་རྒྱུད་ཡོངས་སུ་གཏད་པའི་ལེའུ། གཏན་ལ་ཅི་ལྟར་དབབ་པའི་ལེའུ། གནས་གང་ནས་གང་དུ་བསྒྲུབ་པ་བསྟན་པའི་ལེའུ། དཔོན་གསས་གང་ལ་བརྒྱུད་ཅིང་བསྟན་པ་གཉེར་དུ་གཏད་པའི་ལེའུ་དང་སོ་གསུམ་མོ། ། དེ་ཡང་དར་ནུབ་ཀྱི་དབང་དུ་བྱས་ན། རྒྱུད་ཉི་སྒྲོན་ལས། དེ་ནས་མི་ལོ་ཉི་ཤུ་རྩ་བརྒྱད་ནས་ལྷ་བོན་ཡོངས་སུ་དག་པ་ཡིས། དོན་རྒྱུད་རྒྱས་པའི་བོན་སྡེ་དང་། ཀླུ་བོན་ཡེ་ཤེས་སྙིང་པོས། ཉུང་འདུས་ཟབ་མོའི་བོན་སྡེ་དང་། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས། རྒྱས་མིན་བསྡུས་མིན་འབྲིང་པོའི་བསྐོར། རྒྱས་འབྲིང་བསྡུས་གསུམ་གྱི་བོན་སྡེ་རྣམས། ཐམས་ཅད་འོལ་མོ་གླིང་དུ་འདུས། ཞེས་པ་ལྟར། སྟོན་པ་མྱ་ངན་འདས་རྗེས་སྡུད་འཁོར་རྣམས་ཀྱིས་བོན་བཤད་བཀྲོལ་གྱི་བོན་འཁོར་བསྐོར་ཚར་ནས་མི་ལོ་ཉེར་བརྒྱད་ནས་སྤྱི་སྤུངས་ལ་སོགས་པའི་གསང་སྔགས་ཀྱི་བོན་རྣམས་རྟག་གཟིགས་འོལ་གླིང་དུ་དར་བར་མཛད་དོ། །དེ་ནས་གྲི་གུམ་བཙད་པོའི་ཚེ་སྨད་བར་ཞང་བོད་ཀྱི་ཡུལ་དུ་དར་ཞིང་རྒྱས་པར་བཤད་པ་ལྟར། གཞུང་འདི་ཉིད་ལྷ་ཀླུ་མིའི་གཤེན་གསུམ་ལས་གཤེན་ཆེན་པོ་ནམ་མཁའ་སྣང་བ་མདོག་ཅན་གྱིས་ཞུས་ནས་ལྷོའི་གཤེན་གསུམ་དང་རྒྱལ་མུ་ཁྲི་སོགས་ལ་རིམ་གྱིས་བརྒྱུད་དེ་གྱེར་སྤུངས་དྲན་པ་ནམ་མཁའ་ལ་ཐུག་གོ དྲན་པས་གྲི་གུམ་གྱིས་བོན་བསྣུབས་སྐབས་བྱང་ཕྱོགས་གསང་བྲག་རྒྱ་བོ་ལ་གཏེར་དུ་སྦས་སོ། །དུས་ཕྱིས་བསྟན་པ་ཕྱི་དར་གྱིས་སྐབས་སུ་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་ནས་ད་ལྟའི་བར་བགོ་སྐལ་དུ་སྤྱོད་བཞིན་པ་ལགས་སོ། །
Domain ཆོས་ལུགས།

{{#arraymap:གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་སྐུ་གསུང་ཐུགས་ཀྱི་བརྣག་པ་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་

|; |@@@ | | }}