13156

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:48, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསུག་ (2)
Part of speech མིང་ཚིག
Definition ལྐོག་རྔན་ནམ་ལྐོག་རྫོངས་ལ་བྱིན་པའི་རྒྱུ་ནོར་གྱི་མིང་སྟེ། བརྡ་གསར་རྙིང་གི་རྣམ་དབྱེ་ལས། གསུག་པ་ནི་རྔན་པ། ཞེས་དང་། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། གསུག་པ་ནི་གསང་སྟེ་གཞལ་དུ་བཅུག་པ་དང་རྔན་པ་ཞེས་གསུངས་ལ།
Example ས་སྐྱ་ལེགས་བཤད་ལས། ཆེན་པོ་རྣམས་ལ་གསུག་ཟོས་པའི། །གཉེན་གྱིས་བརླག་པར་འགྱུར་བ་མང་། །ལྟ་བུ།

{{#arraymap:གསུག་

|; |@@@ | | }}

གསུག་ (2)
Part of speech མིང་ཚིག
Definition རས་བྱེ་བྲག་པ་ཞིག་གི་མིང་སྟེ། དབྱངས་ཅན་དགའ་བློའི་བརྡ་དཀྲོལ་ལས། གསུག་ནི་གསུག་རས་ཀྱི་མིང་ངོ། ཞེས་པ་ལྟར་ཏེ།
Example འདུལ་བ་ལུང་རྣམ་འབྱེད་ལས། དེ་ལྟ་ན་ཁོ་བོའི་རས་ཡུག་ཆེན་ཡང་འགྲུབ་པར་འགྱུར་ལ་ཁྱོད་ཀྱིས་ཀྱང་གསུག་མང་པོ་འཐོབ་པར་འགྱུར་རོ། །ཞེས་འབྱུང་བ་ལྟ་བུ།

{{#arraymap:གསུག་

|; |@@@ | | }}