13196

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:49, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསུང་དབྱངས་ཡན་ལག་དྲུག་ཅུ་ (1)
Part of speech མིང་ཚིག
Definition གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པར་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་ཞེ་ན། འདི་ལྟ་སྟེ། མཉེན་པའི་གསུང་འབྱུང་བ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་པ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། མི་བརླིང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བདེ་སྐྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་། འབྲེལ་བ་དང་། བཟློས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་ཅན་དང་། གླང་པོ་ཆེའི་སྒྲ་སྐད་དང་། འབྲུག་གི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་གླུ་དབྱངས་དང་། བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་དང་། ཚངས་པའི་སྒྲ་དབྱངས་སྒྲོག་པ་དང་། ཤང་ཤང་ཏེའུ་ཡི་སྒྲ་དབྱངས་སུ་གྲགས་པ་དང་། ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་པ་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མ་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་བ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། ས་སྨད་པ་དང་། མི་འགྱུར་པ་དང་། འབྲེལ་བ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་པ་དང་། མ་བརྟབས་པ་དང་། འཁོར་ཀུན་ཏུ་གྲགས་པ་དང་། འདོད་ཆགས་ཞི་བར་བྱེད་པ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འབྱུང་བ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་གི་ཡན་ལག་དྲུག་ཅུ་རྩ་བཞི་པོ་དེ་དག་དང་ལྡན་པར་འབྱུང་ངོ་། །ཞེས་གསུངས་པ་ལྟར་རོ། །
Domain ཆོས་ལུགས།

{{#arraymap:གསུང་དབྱངས་ཡན་ལག་དྲུག་ཅུ་

|; |@@@ | | }}