13215

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:49, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་སུམ་ཅུ་སོ་བཞི་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་བདུན་པ་བྱིན་གྱིས་རླབས་ཀྱིས་སྣང་བས་བྱུང་ཚུལ་བསྟན། དེའང་གསུང་གིས་བྱིན་གྱིས་རླབས་ཀྱིས་སྣང་བ་དེར་རང་བཞིན་གསང་བ་ལ་གསུང་དུ་མེད་པ་དང༌། གདུལ་བྱ་ལ་གསུང་དུ་མ་འགག་པར་གསུང་ལྔའི་སྐོར་དང་། བྱེ་བྲག་ཏུ་སྤྲུལ་པའི་གསུང་སྐོར་རྒྱས་པར་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

{{#arraymap:གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པའི་ལེའུ་

|; |@@@ | | }}