13248

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:49, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསུང་ལྔ་ (1)
Part of speech མིང་ཚིག
Definition སྔགས། སྔགས་རྙིང་མའི་རྒྱུད་དུ་བསྟན་པའི་འབྲས་ཆོས་ཉེར་ལྔའི་ནང་གསེས་ཤིག་སྟེ། སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་བརྡ་སྤྲོད་པའི་བདག་ཉིད་ཅན་ཏེ། སྐྱེ་མེད་དོན་གྱི་གསུང༌། དགོངས་པ་བརྡའི་གསུང༌། བརྗོད་པ་ཚིག་གི་གསུང༌། དབྱེར་མེད་རྡོ་རྗེའི་གསུང༌། མངོན་བྱང་གི་གསུང་སྟེ་ལྔའོ། །
Domain ཆོས་ལུགས།

{{#arraymap:གསུང་ལྔ་

|; |@@@ | | }}

གསུང་ལྔ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསུང་ལྔ་ནི། ཕྱོགས་བཅུའི་མུན་སེལ་ལས། ཆོས་སྐུའི་གསུང་བརྗོད་མེད་ཆེན་པོ། ལོངས་སྐུའི་གསུང་འགག་མེད་རང་གསལ། སྤྲུལ་སྐུའི་གསུང་ཡན་ལག་དྲུག་ཅུ། མངོན་བྱང་གི་གསུང་ཡེ་ཤེས་རང་གསལ། རྡོ་རྗེའི་གསུང་གྲགས་སྟོང་དབྱེར་མེད། ཅེས་དང་། ཡིད་ཀྱི་མུན་སེལ་ལས། མངོན་བྱང་གི་གསུང་རང་བྱུང་གི་ཡེ་ཤེས་ངོ་བོ་ཉིད་དུ་གསལ་བ། རྡོ་རྗེའི་གསུང་གྲགས་སྟོང་དབྱེར་མེད་འདུས་མ་བྱས་པ། ཆོས་སྐུའི་གསུང་སྐྱེ་མེད་སྨྲ་བསམ་བརྗོད་ལས་འདས་པ། ལོངས་སྐུའི་གསུང་དྭངས་གསལ་བརྡ་ཙམ་ཚིག་ལས་འདས་པ། སྤྲུལ་སྐུའི་གསུང་འགྲོ་བ་སོ་སོའི་སྐད་དུ་སྣང་བ། ཞེས་གསུངས།

{{#arraymap:གསུང་ལྔ་

|; |@@@ | | }}

གསུང་ལྔ་ (2)
Part of speech མིང་ཚིག
Definition ཨ་ནུ་ཡོ་ག རྙིང་མ། ངོ་བོ་ཉིད་མེེད་པའི་གསུང་། རྣམ་པར་དག་པའི་ཆོས་སྐུའི་གསུང་། ཡོངས་སུ་སྨིན་པ་ལོངས་སྤྱོད་རྫོགས་པའི་གསུང་། གསང་བ་དམ་པའི་གསུང་། རྒྱུན་དུ་འབྱུང་བ་སྤྲུལ་སྐུའི་གསུང་།

{{#arraymap:གསུང་ལྔ་

|; |@@@ | | }}