13353

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:50, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསེར་ (1)
Part of speech མིང་ཚིག
Definition རིན་ཐང་ཆེ་ཞིང་འོད་མདངས་ལྡན་པའི་ལྕགས་རིགས་མདོག་སེར་པོ་ཞིག་སྟེ། སྨན་དུ་འགྲོ་བའི་རིན་པོ་ཆེའི་རིགས་ཡིན། ནང་གསེས་སུ་དམར་སེར་གཉིས་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཚེ་རིང༌། རྒས་པ་སྲ། དབྱིག་དུག་སེལ། སྐྱེ་རྒྱུན་གཅོད།
Keyword True
Synonyms ཛམྦུ་ཆུ་གསེར། ཛྙཻ་ཀྵམ། ཟི་ཁྱིམ། རྫི་ཁྱིམ། ས་ལེ་སྦྲམ། སོ་ན། རྐང་བརྒྱད་པ། སྐྱེ་བ་རྒྱུན་གཅོད། ཁ་དོག་རྒྱལ་པོ། ཁ་དོག་ཆེན་པོ། གང་གཱ་སྐྱེས། ལྕགས་མཆོག ལྕགས་ཀྱི་གཙོ་བོ། ཆ་ཤས་སྦྱངས་པ། མདངས་ལྡན། མདོག་ལྡན། མདོག་བཟང་། དབྱིག་མཆོག ཚོང་མཆོག མེ་ཡི་ས་བོན། རིན་ཆེན་མེ། ཙམ་པ་སྐྱེས། ཚོང་འདུས་འགྲིམ། འཚོ་བ་སྒྲོལ་བྱེད། ཛམྦུ་ནཱ་ད། ཛམ་བུ་ཆུ་བོའི་གསེར། གཟི་བརྗིད་སྐྱེས། འོད་བྱེད་པ། ཡིད་འོང་། རི་ལས་སྐྱེས། རིན་ཆེན་དང་པོ། རིན་ཆེན་བཟང་པོ། རིན་ཆེན་ཆེ། རིན་ཆེན་མདོག་བཟང་། རྒྱན་མདོག་བཟང་། ས་ཡི་སྙིང་པོ། སའི་ཟླ་བ། བསྲེག་བྱ། བུམ་བརྒྱ་སྐྱེས། བུམ་བརྒྱ་བ། ཧེ་མ།
གསེར་ (2)
Part of speech མིང་ཚིག
Definition བོད་ཀྱི་རུས་ཆེན་སྒོའི་བྱེ་བྲག་ཅིག་གི་མིང་སྟེ། བོད་མི་བུ་གདུང་དྲུག་གི་རུས་མཛོད་པད་དཀར་སྐྱེད་ཚལ་ལས། རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ། གསུང་གསེར་འབྲོམ་གསུམ་སོགས་བཅོ་བརྒྱད་ཡོད། ཅེས་པ་ལྟ་བུའོ། །
གསེར་ (1)
Part of speech གྲོགས་ཚིག
Definition མིང་འགའ་ཞིག་གི་སྔོན་ཏུ་སྦྱར་ཚེ་ཞེ་ཚིག་གམ་ཆེ་བརྗོད་སྟོན་བྱེད་དུ་འཇུག་སྟེ།
Example གསེར་ཞལ། གསེར་ཡིག་པ། གསེར་སྙན། གསེར་སྐྱེམས་ལྟ་བུ།