13402

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:50, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསེར་གླིང་པ་བཀྲ་ཤིས་དཔལ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་འབྲུག་ཕྱི་ལོ་ ༡༢༩༢ ལོར་ཡོལ་ཕུ་གསེར་གླིང་དུ་ཡབ་རྗེ་བཙུན་མཚན་ཅན་དང་། ཡུམ་དཀོན་མཆོག་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། ནེལ་པ་པཎ་ཆེན་ལས་བསྙེན་པར་རྫོགས། ནེལ་པ་ཁུ་དབོན་ལས་འདུལ་མཛོད་དང་། གསང་ཕུ་བ་ལས་ཕར་ཚད་ལ་སོགས་པའི་སྡེ་སྣོད་མང་པོར་བསླབས། ཆོས་རྗེ་རང་བྱུང་རྡོ་རྗེ་དང་། རྒྱ་བྲག་ཆོས་རྗེ། སྐྱེས་མཆོག་བསམ་གཏན་དཔལ་སོགས་བསྟེན། རང་ཡུལ་དང་ཉེ་བའི་བླ་མ་མང་པོར་བསྟེན། སྔགས་ཆོས་ཤིན་ཏུ་མང་པོར་གསན། རྨོག་ལྕོགས་པ་རིན་ཆེན་བློ་གྲོས་སོགས་ལས་ཤངས་པའི་གདམས་ངག་ཀྱང་མང་དུ་ཐོབ། ཤངས་པའི་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལས་གདམས་ངག་རྣམས་ལེགས་པར་གསན། སངས་རྒྱུད་ལས་བརྒྱུད་པའི་གཅོད་ཀྱི་སྐོར་ཐུགས་སུ་ཆུད། ཕྱིས་གདུལ་བྱ་རྣམས་ཀྱང་དེ་གཉིས་ཀྱིས་གཙོ་བོར་བསྐྱངས། བདུན་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་ཕྱི་ལོ་ ༡༣༦༥ ལོར་སྐུ་གཤེགས། མཆོག་གྱུར་ཀྱི་སློབ་མ་ནི། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ཡིན།