13436
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གླང་ཆེན་གཡས་ཁུག་ཞེས་པའི་སར་བླ་མ་གཟུངས་ཚེ་རིང་གིས་བཏབ། ཁོང་གིས་བདུན་ཕྲག་གཅིག་ལ་མཉམ་ཉིད་ཀྱི་དོན་ལ་ལྷུག་པར་བཞག་པས། སྟོན་པ་ཤཱཀྱ་ཐུབ་པ་དང་། གསང་བདག་ཕྱག་ན་རྡོ་རྗེ་དང་། གྲུབ་ཆེན་བརྒྱད་ཅུ་གནས་བརྟན་བཅུ་དྲུག་སོགས་བྲག་ལ་རང་བྱོན་མང་དུ་མཆིས་པས་གནས་དེར་དེང་སང་རྡོ་ལྷ་ནང་ཞེས་གྲགས། སྐབས་དེར་གནས་དེ་ལ་གཙུག་ལག་ཁང་ཆུང་ངུ་ཞིག་བཞེངས་ཏེ་གནས་གཞི་མཛད། དེ་ནས་རྫ་གོང་མ་ཚང་ད་ལྟའི་གསེར་ལྡན་དགོན་གྱི་ས་ཕྱོགས་སུ་བྱོན་ནས། ལྷ་ཁང་ཆུང་ངུ་ཞིག་བཞེངས་ནས་སློབ་མ་བཅུ་ཕྲག་ལྔ་ལ་རྡོ་རྗེ་ཐེག་པའི་ཆོས་བཀའ་ཆོས་ཀྱི་འཆད་ཉན་གནང་། ཀརྨ་པ་སྐུ་ཕྲེང་གསུམ་པ་དང་དུས་མཚུངས་ཟེར་བར་གཞིག་ན་རབ་བྱུང་ལྔ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༢༨༤ ཡས་མས་སུ་བཏབ་སྙམ། གཞན་ཡང་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་ཆིབས་རྟ་ངང་པ་གསེར་ལྡན་ཞེས་སྤྲུལ་པའི་རྟ་ཞིག་ཡོད་པ་དེས། དགོན་པ་གང་དུ་བཏབ་པའི་ས་ངོས་བཟུང་བ་དང་། སྒ་དགོན་པའི་ནང་རྟེན་དུ་གནང་ནས་འདིའི་མ་འོངས་པར་གནས་འདིར་འཇིགས་པའི་སྒྲ་ཆེན་པོ་ཞིག་འོང་བས། དེ་ལས་སྐྱོབ་པར་འགྱུར་ཞེས་ལུང་བསྟན་གནང་བས་ཕྱིས་སུ་དེ་ལྟར་སྣང་། དེའི་རྐྱེན་གྱིས་དགོན་པ་འདི་ལ་གསེར་ལྡན་དགོན་ཞེས་བཏགས། སྐུ་ཕྲེང་ལྔ་པ་སྤྲུལ་རིན་པོ་ཆེ་ཀུན་བཟང་ནོར་བུ་དང་། སྐུ་ཕྲེང་དྲུག་པ་དོན་འགྲུབ་ནོར་བུ་དང་། སྐུ་ཕྲེང་བདུན་པ་རྒྱལ་མཚན་ནོར་བུ་དང་། སྐུ་ཕྲེང་བརྒྱད་པ་སྤྲུལ་སྐུ་རིན་པོ་ཆེ་ཨོ་རྒྱན་ནོར་བུ་དང་། ཐེག་མཆོག་ནོར་བུ་དང་། ཨ་འབྱོངས་སྤྲུལ་སྐུ་དང་། རིག་འཛིན་བཟང་པོ་དང་། ཡང་སྲིད་ཀརྨའི་སྲས་དང་། འགྱུར་མེད་ཨོ་རྒྱན་གྱིས་སོགས་བསྐྱངས། |