13510

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:51, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསེར་རྡོ་ (1)
Part of speech མིང་ཚིག
Definition གཏེར་དངོས་སྨན་རྫས་ཀྱི་རིགས་ཤིག་སྟེ། ཕྱིའི་ཁ་དོག་སེར་སྨུག་ལ་ཟངས་གཡའ་ལྟ་བུའི་གཡའ་སྔོ་ལྗང་འཁོར་བ། དབྱིབས་ཟླུམ་པོ་དང་གྲུ་བཞི་སོགས་ངེས་མེད་འབྱུང་། བཅག་ཚེ་སེར་པོ་གསེར་གྱི་མདོག་ལྟར་སེར་འོད་འཕྲོ་བ་དང་བཞུས་ན་གསེར་འབྱུང་བ་སྟེ། རྡོ་ཕྱི་སྨུག་ལ་ནང་གསེར་ལྟར་སེར་བ། དབྱིབས་ཕལ་ཆེར་ཟླུམ་པོ་དང་འགའ་རེ་རྡོ་དཀྱུས་མའི་དབྱིབས་སུ་སྣང་། གང་ལྟར་ཡང་། རྡོ་ཤིན་ཏུ་གསེར་འོད་ཆེ་བ་གཡའ་སྔོན་པོ་ར་གན་ཕྱིས་པའི་གཡའ་འདྲ་བ་བྱུང་བ་དེ་ཡིན། རོ་བསྐ། ཞུ་རྗེས་ཁ། ནུས་པ་བསིལ་བ། ཁོང་དུ་བཏང་བས་ཆུ་སེར་གྱི་ནད་རྣམས་ཕྱིར་འདྲེན་ཞིང༌། རྩ་ནད་སྦྱངས་ལ་དུག་ནད་མ་ལུས་འཇོམས་པར་བྱེད། ཁྱད་པར་དུ་དངུལ་ཆུ་བཙོ་བཀྲུའི་སྐབས་ཟ་བྱེད་ཀྱི་ཁམས་བརྒྱད་དུ་སྤྱོད་པ་ཡིན། འདི་ལ་རྟ་བྱ་ཡང་ཟེར། ལེགས་སྦྱར་གྱི་སྐད་དུ་ཏ་ཙ་ཞེས་འུ་སུ་ལའང་འཇུག་པས། སྐབས་ཐོབ་ལྟར་ཤེས་པར་བྱ།
Domain གསོ་རིག