13545

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:52, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསེར་སྡིངས་བ་གཞོན་ནུ་འོད་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་མཇུག་དུ་སུམ་པ་སྐྱིལ་མཁར་སྐུ་འཁྲུངས། མཁས་གྲུབ་ཆེན་པོ་ཞིག་ཡིན། གཞོན་དུས་ནས་འདུལ་དཀར་གཞོན་ནུ་ཚུལ་ཁྲིམས་ལས་རབ་ཏུ་བྱུང་། ཇོ་བོ་རྗེ་ནས་བརྒྱུད་པའི་ལམ་རིམ་མན་ངག་དང་བཅས་པ་མང་དུ་གསན། ཕྱིས་སུ་མཁན་པོ་གཙང་ནག་པ་ལ་སོགས་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། འདུལ་བའི་སྐོར་ལ་སྦྱངས་པ་ཆེན་པོ་མཛད། འདུལ་འཛིན་ཆེན་པོར་གྱུར། རྗེ་སྒོམ་པ་པོ་པའི་དངོས་སློབ་ལོག་ཕུག་པ་ལས་ནཱ་རོ་ཆོས་དྲུག་དང་། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས། ཤབ་ཀྱི་སྣ་རིངས་དང་། མོན་གྱི་སྤ་གྲོ། བུམ་ཐང་། གྲོ་བོ་ལུང་། རྒྱལ་གྱི་རྩིབས་རི་སོགས་གནས་ཆེན་མང་པོར་ཞབས་ཀྱིས་བཅགས། སེར་བུ་དབེན་ཚར་བཞུགས། གསེར་སྡིངས་དགོན་པ་བཏབ། རྒྱས་འབྲིང་བསྡུས་གསུམ་ལས་མི་ཉུང་བའི་བསྟན་བཅོས་མང་དུ་མཛད། སློབ་མ་གྲགས་ཆེ་བ་ནི་མགར་(འགར)གྲགས་པ་དབང་ཕྱུག་ཡིན། མིང་གི་རྣམ་གྲངས། དགེ་སློང་གཞོན་ནུ་འོད། རྣལ་འབྱོར་གྱི་དབང་ཕྱུག་གཞོན་ནུ་འོད།