13577
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ སྨན་ལ་ཞི་བྱེད་དང་སྦྱོང་བྱེད་རྣམ་པ་གཉིས་ཏེ། ཞི་བྱེད་ལའང་ནད་ཚ་བ་ཞི་བར་བྱེད་པའི་སྨན་བསིལ་བ་དང་། ནད་གྲང་པ་ཞི་བར་བྱེད་པའི་དྲོད་སྨན་རིགས་གཉིས་ཡོད་ལ། སྦྱོང་བྱེད་ཀུན་ལའང་སྨན་གྱི་ནུས་པ་དང་ངོ་བོའི་དབང་གིས་དྲག་པོར་སྦྱོང་བ་དྲག་སྦྱོང་དང་། འཇམ་པོར་སྦྱོང་བ་འཇམ་སྦྱོང་གཉིས་ཏེ། སྨན་ལ་སྤྱིར་བཞིའོ། ། ༢ དཔྱད་ལ་འཇམ་སྤྱད་དུགས་དང་། ལུམས་པ། བྱུགས་པ་གསུམ། རྩུབ་སྤྱད་ལ་གཏར་ག་དང་། བསྲེག་སྟེ་མེ་བཙའ། ཐུར་མ་བཅས་གསུམ་སྟེ་ཁྱོན་འཇམ་རྩུབ་གཉིས་སོ། ། ༣ ཟས་ལ་ཕན་གནོད་གཉིས་ཏེ་ཉེས་པ་སོ་སོ་འཕེལ་ཞིང་ལྡང་བ་ཞི་ཞིང་ཕན་པར་བྱེད་པའི་ཟས་དང་། ཉེས་པ་སོ་སོ་འཕེལ་བར་གནོད་ཅིང་ཟད་པ་སློང་བའམ་གསོ་བར་བྱེད་པའི་ཟས་ཏེ། ཕན་ཟས་དང་གནོད་ཟས་སུ་བཏགས་པ་གཉིས་སོ། ། ༤ སྤྱོད་ལམ་ལ་མང་ཡང་མདོར་བསྡུ་ན་དྲག་པོར་སྤྱོད་པ་དང་། དལ་པོར་སྤྱོད་པ་རྣམ་པ་གཉིས་བཅས་རྣམ་པ་བཅུ་ཡོད་པ་ལས། ནད་ཅན་ཁོ་ནའི་དབང་དུ་བྱས་ན་དཔྱད་དང་སྤྱོད་ལམ་གཉིས་བསྟེན་དགོས་དང་མི་དགོས་ཀྱི་ཁྱད་པར་ཡོད་ཀྱང་། ཟས་སྨན་གཉིས་ནི་བསྟེན་མི་དགོས་པ་མེད་པས་སྤྱིར་འགྲེའོ། ། |
| Domain | གསོ་རིག |