13593

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:52, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསོ་སྦྱོང་གདོན་པའི་དུས་ཚིགས་དྲུག་ (1)
Part of speech མིང་ཚིག
Definition སོ་སོར་ཐར་པའི་མདོའི་གཞུང་འགྲེལ་ལས་བྱུང་བ་སྟེ། དེ་ལ་དུས་ཚིགས་དྲུག་པོ་རེ་རེ་ལ་བསྡུ་བ་ཟླ་བ་གཉིས་གཉིས་ཡོད་པས་མང་པོའི་ཚིག་ཏུ་བྱས་ཏེ། སོ་གའི་དུས་ཚིགས་ནི་དཔྱིད་ཟླ་ཐ་ཆུང་ཉ་ནས། དབྱར་ཟླ་ར་བ་ཉའི་བར་དང༌། དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་སོ། །དབྱར་གྱི་དུས་ཚིགས་ནི། དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུང་ཉའི་བར་དང༌། དབྱར་ཟླ་ཆུང་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་སོ། །སྟོན་གྱི་དུས་ཚིགས་ནི། སྟོན་ཟླ་ར་བ་ཉ་ནས། སྟོན་ཟླ་འབྲིང་པོ་ཉའི་བར་དང༌། སྟོན་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་སོ། །དགུན་གྱི་དུས་ཚིགས་ནི། སྟོན་ཟླ་ཐ་ཆུང་ཉ་ནས། དགུན་ཟླ་ར་བ་ཉའི་བར་དང༌། དགུན་ཟླ་ར་བ་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་སོ། །དགུན་སྨད་ཀྱི་དུས་ཚིགས་ནི། དགུན་ཟླ་འབྲིང་པོ་ཉ་ནས། དགུན་ཟླ་ཐ་ཆུང་ཉའི་བར་དང༌། དགུན་ཟླ་ཐ་ཆུང་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་སོ། །དཔྱིད་ཀྱི་དུས་ཚིགས་ནི། དཔྱིད་ཟླ་ར་བ་ཉ་ནས་དཔྱིད་ཟླ་འབྲིང་པོ་ཉའི་བར་དང༌། དཔྱིད་ཟླ་འབྲིང་པོ་ཉ་ནས་དཔྱིད་ཟླ་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་སོ། །དེ་ལ་སོ་གའི་དུས་ཚིགས་ལ། སོ་སོར་ཐར་པ་འདོན་ན་ནི་སོ་ག་རྣམས་ཀྱི་ཞེས་བརྗོད་པར་བྱའོ། །
Domain ཆོས་ལུགས།