13596
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གསོ་སྦྱོང་གི་གྲངས་རྒྱས་པར་ཕྱེ་ན་དྲུག་དང་བསྡུས་ན་གཉིས་སུ་ཡོད་པའི་གྲངས་ངེས་པ་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་ཡོད་དེ། དེ་ལ་ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། སྤང་བྱ་སེལ་བ་ལ་ལྟོས་ནས་ཀྱང་དེར་གྲངས་ངེས། བླང་བྱ་སྒྲུབ་པ་ལ་ལྟོས་ནས་ཀྱང་དེ་ལྟར་གྲངས་ངེས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྤང་བྱ་སྔར་བསགས་འདག་པའི་དབང་དུ་བྱས་ནས། ཞི་གནས་ཀྱི་གསོ་སྦྱོང་བཞག །ཕྱིན་ཆད་སྡོམ་པའི་དབང་དུ་བྱས་ནས་ཕྱི་མ་བཞག་པའི་ཕྱིར། རྟགས་གཉིས་པ་བླང་བྱ་སྒྲུབ་པ་ལ་ལྟོས་ནས་ཀྱང་དེ་ལྟར་གྲངས་ངེས་པ་ཡིན་ཏེ། རབ་ཏུ་བྱུང་བ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བ་ནི་བསླབ་པ་གསུམ་སྒྲུབ་པ་ཡིན་པ་གང་ཞིག །ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྒྲུབ་པའི་དབང་དུ་བྱས་ནས་མཐུན་པའི་གསོ་སྦྱོང་བཞག །ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྒྲུབ་པའི་དབང་དུ་བྱས་ནས་ཞི་གནས་ཀྱི་གསོ་སྦྱོང་བཞག་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |