13720
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསོལ་ཁ་བརྒྱད་ནི། ལྷ་མ་སྲིན་སྡེ་བརྒྱད་པོ་མཆོད་ཐབས་ཀྱི་གསོལ་ཁ་བརྒྱད་དེ། བཀའ་བརྒྱད་རྣམ་བཤད་ལས། གིང་ཐམས་ཅད་རྒྱལ་བཤོས་མཁར་ཐབས་ཀྱིས་གསོལ་ཞིང་མཆོད། དེ་བཞིན་དུ་བདུད་ཐམས་ཅད་ལ་བདུད་བཤོས་(གསང་བུ)གཡས་སུ། བཙན་ལ་གྲི་བཤོས་རྒྱན་ཅན། གནོད་སྦྱིན་འབྲས་ལུག་མཐེབ་གང༌། སྲིན་པོ་དཔལ་བཤོས་ཟུར་གསུམ། གཟའ་ར་བཤོས་དཀྱུས་མོ། ཀླུ་བཤོས་ཟླུམ་དཀར་མངར་བརྒྱན་པ། མ་མོ་མཁའ་འགྲོའི་སྐྱུས་གཏོར་གྱིས་གསོལ་ཞིང་མཆོད་པ། ཞེས་གསུངས་པ་ལྟར། མཆོད་ཐབས་ཐམས་ཅད་བསྡུས་ན། གིང་ཐམས་ཅད་རྒྱལ་བཤོས་མཁར་ཐབས་ཀྱིས་གསོལ་ཞིང་མཆོད་པ། བདུད་ཐམས་ཅད་བདུད་བཤོས་གསང་བུས་མཆོད་ཅིང་གསོལ་བ། བཙན་ཐམས་ཅད་གྲིར་བཤོས་རྒྱལ་མཚན་གྱིས་གསོལ་ཞིང་མཆོད་པ། གནོད་སྦྱིན་ཐམས་ཅད་འབྲས་ལུག་མཐེབ་གང་གིས་གསོལ་ཞིང་མཆོད་པ། སྲིན་པོ་ཐམས་ཅད་དཔལ་བཤོས་ཟུར་གསུམ་གྱིས་གསོལ་ཞིང་མཆོད་པ། གཟའ་ཐམས་ཅད་ར་བཤོས་དཀྱུས་པས་གསོལ་ཞིང་མཆོད་པ། ཀླུ་ཐམས་ཅད་ཀླུ་བཤོས་ཟླུམ་པོ་དཀར་གསུམ་མངར་གསུམ་གྱིས་གསོལ་ཞིང་མཆོད་པ། མ་མོ་ཐམས་ཅད་མཁའ་འགྲོའི་སྐྱུས་གཏོར་གྱིས་གསོལ་ཞིང་མཆོད་པ་བཅས་བརྒྱད་དོ། ། |
| Domain | ཆོས་ལུགས། |