13895

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:56, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུ་ (1)
Part of speech མིང་ཚིག
Definition ནང་ངམ་ཟུར་དང་ཡུལ་བཅས་ལ་འཇུག་སྟེ།
Example སེམས་ཀྱི་གུ་ལའང་འཆར་མ་མྱོང་ལྟ་བུ།
གུ་ (2)
Part of speech མིང་ཚིག
Definition རྒྱ་ཁྱོན་གྱི་མིང་སྟེ།
Example ཁང་པའི་ཁྱམས་གུ་ཡངས་པོ། བསམ་བློ་གུ་དོག་ལྟ་བུ།
གུ་ (1)
Part of speech གྲོགས་ཚིག
Definition མིང་ཁ་ཤས་ཀྱི་མཇུག་ཏུ་སྦྱར་ན་ཆུང་ངུ་མཚོན་བྱེད་དུ་འཇུག་པ་ནི།
Example ཁྱི་གུ། ཕྲུ་གུ། བུ་གུ་ལྟ་བུ།
གུ་ (2)
Part of speech གྲོགས་ཚིག
Definition ཡིད་ཤིན་ཏུ་བསྐྱོད་པས་ཅི་མ་རུང་སྙམ་པའི་དོན་སྟོན་ཏེ།
Example བསམ་དོན་འགྲུབ་པར་གྱུར་ཅིག་གུ་ལྟ་བུ།