13925

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:56, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུ་ཕུ་བསགས་སྤྲུལ་བཞི་པ་འཇམ་དཔལ་བདེ་ཆེན་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི། ཁམས་པ་ནོར་མ་དབེན་པ་ཚང་སར། རབ་བྱུང་བཅུ་གསུམ་པའི་མེ་བྱ་ ༡༧༧༧ ལོར་འཁྲུངས། དགུང་གྲངས་ལྔ་ནས་གུ་ཕུ་དགོན་ཐེག་ཆེན་བྱམས་པ་གླིང་དུ་ཁྲི་གསོལ་ཞུས་ཏེ། ཡི་གེ་འབྲི་ཀློག་དང་རྩིས་སྨན་སོགས་རིག་གནས་ལ་མཁས་པར་མཛད། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་རང་ལུགས་སྨིན་གྲོལ་གྱི་སྐོར་ཆ་ཚང་གསན། སྐུ་གོང་མའི་ཞལ་སློབ་རྗེ་མ་ཎི་བ་བྱམས་པ་རྒྱ་མཚོའི་སྤྲུལ་སྐུ་ལས་ཕྱག་ཆེན་དང་ཆོས་དྲུག་སྐོར་གྱི་ཟབ་ཁྲིད་དང༌། ཆོས་རྒྱལ་རྒྱ་མཚོའི་ཞལ་སྔ་ནས་རོ་སྙོམས་དང་རྟེན་འབྲེལ་སྐོར་བཅས་ཟབ་ཆོས་རྒྱ་མཚོ་ལྟ་བུ་གསན་ནས་སྲས་ཀྱི་ཐུ་བོར་གྱུར་ཅིང༌། མཉམ་མེད་འབྲུག་པའི་བཀའ་སྲོལ་ལྟར་སྔོན་འགྲོའི་ཁྲིད་རིམ་ནས་བཟུང་ཕྱག་ཆེན་དངོས་བཞིའི་བར་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་ཉམས་ལེན་གྱི་གཞུང་བསྲངས་པས། སྟོང་ཉིད་སྙིང་རྗེའི་གནད་ལ་དབང་འབྱོར་ནས་འབྲེལ་ཚད་དོན་ལྡན་གྱི་རྒྱལ་སྲས་སེམས་དཔའ་ཆེན་པོ་ཞེས་པའི་མཚན་ཆགས། བསྟན་འགྲོའི་དོན་བཟང་པོ་མཛད་པའི་མཐར་དགུང་གྲངས་ང་བཞི་པ་ལྕགས་སྟག་ ༡༨༣༠ ལོར་གཟུགས་སྐུའི་བཀོད་པ་བསྡུས་སོ། །