14017
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མཇུག་དུ་ཡབ་རྒྱལ་པོ་དེ་ཤོ་ལེགས་དང་། ཡུམ་ཀླུ་སྨན་མེར་མོ་གཉིས་ཀྱི་སྲས་སུ་འཁྲུངས། དབོན་གསལ་འབེ་ཤོ་ཀྲམ་བསྟེན། ལྷ་བོན་བཅོ་ཕན་གྲགས་ཀྱིས་མཛད། གསས་ཁང་ས་ལེ་བང་བང་དང་། སྐུ་མཁར་ཡང་རྩེ་བཞེངས། བཙུན་མོ་གུར་སྨན་ཁབ་ཏུ་བཞེས། རིགས་སྲས་འབྲོང་ཞི་ལེགས་སྐུ་འཁྲུངས། བང་སོ་གཡའ་སྤང་མཚམས་སུ་བཏབ། ཁོང་ནི་བར་གྱི་ལེགས་དྲུག་ནང་གི་གསུམ་པ་ཡིན། |
{{#arraymap:གུ་རུ་ལེགས་
|; |@@@ | | }}