14039

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:58, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུ་ཤྲཱི་ཀུན་དགའ་ལེགས་པའི་བློ་གྲོས་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་བྱ་ཕྱི་ལོ་ ༡༣༠༩ ལོར་ས་སྐྱར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་མ་གཅིག་གཞོན་ནུ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་ཡབ་མེས་ཀྱི་ཆོས་དང་མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་ཐོབ། གདམས་ངག་ཐམས་ཅད་ཀྱི་བདག་པོར་གྱུར། རིན་ཆེན་སྒང་བླ་བྲང་གི་འགྲོ་མགོན་གྱི་ཆོས་ཁྲིའི་སྟེང་ནས་གསུང་རབ་མང་པོ་འཆད། མཁས་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ། ཡོན་རྒྱལ་ཀྱི་གོང་མ་གེ་གེན་གྱིས་ཕོ་བྲང་ཆེན་པོར་གདན་དྲངས། རྒྱལ་བློན་འཁོར་དང་བཅས་པར་ཟབ་ཆོས་ཀྱི་འཁོར་ལོ་བསྐོར། གོང་མས་ཀྱང་ཏཱ་དབེན་གུ་ཤྲཱིའི་ཆོ་ལོ་དང་། ཤེལ་དམ་ཆེ་བ་ཐོ་ཤུ་བཅས་ཕུལ། བཅུ་བཞི་པ་རབ་བྱུང་ལྔ་པའི་ཆུ་ཁྱི་ཕྱི་ལོ་ ༡༣༢༢ ལོར་ཡོན་གོང་མའི་ཕོ་བྲང་དུ་སྐུ་གཤེགས།

{{#arraymap:གུ་ཤྲཱི་ཀུན་དགའ་ལེགས་པའི་བློ་གྲོས་

|; |@@@ | | }}