14041
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༣༡༢ ལོར་ས་སྐྱའི་ལྷ་རྩེར་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲུས་སུ་འཁྲུངས། ཆུང་ངུའི་དུས་ནས་གུང་རུ་ཤེས་རབ་རིན་ཆེན་སོགས་བསྟེན། མདོ་སྔགས་གཉིས་ཀྱི་ཟབ་ཆོས་དང་། ཡབ་མེས་ཀྱི་གདམས་ངག་མ་ལུས་ཐུགས་སུ་ཆུད། ཡོན་ཀྱི་གོང་མས་གདན་དྲངས་པ་ལྟར་ཕོ་བྲང་དུ་ཕེབས། གོང་མའི་བླ་མཆོད་མཛད། གོང་མས་ཀྱང་གུ་ཤྲཱིའི་ཆོ་ལོ་བསྩལ་ཕུལ། ཏཱི་ཤྲཱིའི་ལས་ཚབ་པ་གནང་། རྒྱལ་བློན་འཁོར་དང་བཅས་པར་ཟབ་ཆོས་ཀྱི་འཁོར་ལོ་བསྐོར། ཉི་ཤུ་པ་རབ་བྱུང་དྲུག་པའི་ལྕགས་ལུག་ཕྱི་ལོ་ ༡༣༣༡ ལོར་རྒྱ་ནག་མེ་ཏོག་རྭ་བར་སྐུ་གཤེགས། ། |
{{#arraymap:གུ་ཤྲཱི་ནམ་མཁའ་རྒྱལ་མཚན་
|; |@@@ | | }}