14080

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:58, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ཕྱི་ལོ་ ༡༨༢༤ ལོར་བླ་བྲང་དགོན་དང་ཐག་ཉེ་བའི་ཙ་ཡུས་གྲོང་དུ་གདུང་རུས་ལྡོང་གི་རྒྱུད་དུ་སྐུ་འཁྲུངས། དྲུག་པར་ཀུན་མཁྱེན་འཇིགས་མེད་རྒྱ་མཚོས་བརྟག་བསྒྲིལ་མཛད་དེ། གུང་ཐང་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ཐུགས་ཐག་བཅད། བདུན་པར་ཀུན་མཁྱེན་འཇིགས་མེད་རྒྱ་མཚོ་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་མནོས། དཀོན་མཆོག་ཀུན་དགའི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱངས། རྡོ་རམས་པ་ངག་དབང་རབ་བརྟན་ལས། བསྡུས་གྲྭའི་རིགས་ལུང་གསན། བཅུ་གཉིས་པ་ཤིང་ལུག་ ༡༨༣༥ ལོར་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ལོ་བདུན་རིང་ཕར་ཕྱིན་གཞུང་ལ་ཐོས་བསམ་མཛད། བཅོ་བརྒྱད་པར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། རྟ་ཚག་ཡོངས་འཛིན་འདུལ་བ་མཁན་པོ་བློ་གྲོས་བསྟེན་ནས་དཔེ་ཁྲིད་ཞུས། དགུང་ལོ་ཉི་ཤུ་བར་གཙང་དུ་ཕེབས། པཎ་ཆེན་བསྟན་པའི་ཉི་མ་མཆོག་ལས་བསྙེན་པར་རྫོགས། དངུལ་སྲང་བརྒྱ་དང་རྟ་མཛོ་ལྔ་བཅུ་ཕུལ། སྣར་ཐང་དང་། ས་སྐྱ། ཞྭ་ལུ། འོལ་ཁ། ཟངས་རི་མཁར་དམར། ཡར་ལུང་རྟེན་གསུམ་གནས་གསུམ། དཔལ་བསམ་ཡས། དགའ་ལྡན། སེ་ར་བཅས་ལ་མཆོད་འབུལ་ཞིབ་མཇལ་གནང་། ཉེར་གཉིས་པར་ཧོར་ཚང་རིན་པོ་ཆེ་དང་ལྷན་མདོ་སྨད་དུ་ཕེབས། སོ་གཉིས་པར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་ཕེབས། ཁྲི་རབས་ཞེ་བརྒྱད་པ་ཡིན། དགོན་པའི་ལས་དོན་ཡོངས་ལ་དག་ཐེར་མཛད། སྔར་ལས་ལྷག་པར་ཇེ་དགའ་ཇེ་དར་དུ་བཏང། དུས་རྒྱུན་དུ་བརྩི་བཞག་གི་རྒྱུགས་དང་། རིགས་ལུང་གི་རྒྱུགས། རིག་གནས་ཀྱི་རྒྱུགས། སྐད་གྲྭ་བའི་རྒྱུགས། དཔར་གྱི་རྒྱུགས་རྣམས་ཞིབ་པར་བླངས། སྒྲའི་སློབ་དཔོན་བྱེད་ཐུབ་པ་བརྒྱད། ས་རིས་ཀྱི་སློབ་དཔོན་ཐུབ་པ་བཅོ་བརྒྱད། དཔར་ཡིག་གི་དགེ་རྒན་ཐུབ་པ་ལྔ་ཙམ་བྱུང་། སྐབས་དེར་བླ་བྲང་དགོན་པའི་འཆད་མཉན་ཤིན་ཏུ་དར། སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་ས་ལུག་ཕྱི་ལོ་ ༡༨༥༩ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི། བདེ་ཐང་མཁན་སྤྲུལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དང་། སྣང་ཞིག་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་བཅས་ཡིན། གསུང་རྩོམ་ནི་རྒྱན་འགྲེལ་བ་དང་བཅས་པའི་ས་བཅད་དང་། འཇུག་པའི་ས་བཅད། གླིང་བསྲེའི་བཤད་པ་རྒྱས་པ། རྗེ་བླ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཟབ་གནད་ཆ་ཚང་བཅས་ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་མང་པོ་བཞུགས།

{{#arraymap:གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ་

|; |@@@ | | }}