14081

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:58, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་མདོ་སྨད་ཤར་ལྷོའི་མཛོད་དགེའི་སྨད་ཀྱི་ཡུལ་དུ་ཡབ་ཐེ་བོ་ལྕགས་པོ་བྱམས་པ་དང་། ཡུམ་བོ་ཆོག་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཀུན་མཁྱེན་འཇིགས་མེད་དབང་པོས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་བཟུང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས། ཀུན་མཁྱེན་འཇིགས་མེད་དབང་པོའི་དྲུང་ནས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་དཀྱུས་གཅིག་ཏུ་ཞུས། མཚན་ལ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་གསོལ། རྡོ་རམས་པ་བློ་བཟང་རིན་ཆེན་སློབ་དཔོན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་བློ་འཛིན་སོགས་ལེགས་པར་སྦྱངས། རིམ་གྱིས་རྒྱ་དང་སོག་པོའི་སྐད་ཡིག་ཀྱང་སྦྱངས་བས་ཐུགས་སུ་ཆུད། བཅུ་བདུན་པར་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། ཧོར་སྐལ་བཟང་དངོས་གྲུབ་དགེ་རྒན་དུ་བསྟེན། གཞུང་བཀའ་པོད་ལྔ་ལ་བརྡར་ཤ་ཆོད་པར་སྦྱངས། ཉེར་གཅིག་པར་རྒྱལ་བ་བློ་བཟང་འཇམ་དཔལ་རྒྱ་མཚོའི་མདུན་ནས་བསྙེན་པར་རྫོགས། ཉེར་གཉིས་པར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བླངས། དབུས་སུ་ལོ་བརྒྱད་ཙམ་བཞུགས། མདོ་སྔགས་རིག་གནས་ཀྱི་གཞུང་ཀུན་མཁྱེན་པར་གྱུར། ཉེར་ལྔ་བར་ཡུལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། སུམ་ཅུ་བར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་འཁོད། གདན་རབས་ཉེར་གཅིག་པ་ཡིན། རབ་བྱུང་བཅུ་བཞི་པའི་ཆུ་ལུག་ཕྱི་ལོ་ ༡༨༢༣ ལོར་སྐུ་གཤེགས། དཔལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་སོགས་སློབ་མ་མཁས་ཆེན་མང། གསུང་རྩོམ་ནི་དྲང་ངེས་ཀྱི་མཆན། ཀུན་གཞིའི་མཐའ་དཔྱོད། བདེན་པ་བཞིའི་རྣམ་བཤད། རྟེན་འབྲེལ་གྱི་མཐའ་དཔྱོད་སོགས་དང༌། རིག་བྱེད་མའི་བསྟོད་འགྲེལ་སོགས་གསང་སྔགས་ཀྱི་སྐོར་མང་། རྗེ་བླ་མར་བསྟོད་པ་དོན་ལྡན་མ་རྩ་འགྲེལ། ཆུ་དང་ཤིང་གི་བསྟན་བཅོས། རྒན་བྱིས་འབེལ་གཏམ། འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོའི་རྣམ་ཐར། སྡེ་ཁྲི་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར། སྒོ་མང་མཁན་པོ་ཆོས་དར་གྱི་རྣམ་ཐར་སོགས་གསུང་རྩོམ་ཕྱོགས་བསྒྲིགས་པོད་བརྒྱད་ཡོད། བཀྲ་ཤིས་འཁྱིལ་དང་ལྷ་སའི་ཤིང་དཔར་ཡོད།

{{#arraymap:གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་

|; |@@@ | | }}