14153

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:59, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུར་ཏིག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་གྲུ་བཞི་ལྡེམ་པར་ཚིགས་པ་དང་སྤུ་འཇམ་རིང་པོ་ཡོད་ཅིང༌། ལོ་མ་ལྗང་ནག་འཇོང་དབྱིབས་ཀྱི་མཐར་ཉག་ཆུང་ཡོད་པ་ཕན་ཚུན་རེ་མོས་སུ་སྐྱེ་ཞིང༌། ལོ་མའི་ངར་པ་ཐུང་ཟིང་རྩ་རིས་གསལ་རྒྱབ་མདུན་དུ་སྣུམ་ཐིག་འདྲ་བ་ཡོད། མེ་ཏོག་ཆུང་ལ་མང་ཞིང་ཚགས་དམ་པ་ཁ་ཟུམ་པའི་རྣམ་པ་ཅན། ཁ་དོག་དམར་སྐྱའམ་སྨུག་སྐྱ་ལོ་མའི་བར་མཚམས་ནས་རིམ་པས་འཁོར་ཏེ་ཤར་བ་སྟེ། སྐྱེ་དབྱིབས་རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས་འདྲ་བ། འབྲས་བུ་ཆུང་ངུ་ཁ་དོག་ཁམ་སྐྱ་ལ་སྣུམ་ཐིག་འདྲ་བ་ཡོད་པ་བཅས། བོད་དབུས་ཀྱི་ས་གནས་ཕལ་མོ་ཆེའི་རི་མ་ཐང་དང༌། རི་ཤུར་སོགས་སུ་སྐྱེ་བ། བོད་ཟླ་བདུན་པའི་ནང་ལོ་སྡོང་མེ་ཏོག་ལྷན་ཅིག་ཏུ་བཏུས་ཏེ། གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་རྩ་ལ་ཚད་པ་ཞུགས་པ་དང༌། ཁྲག་མཁྲིས་ཀྱི་ནད། རྨ་ལ་གཉན་ཚད་རྒྱས་པ། དེ་མིན་རྨ་རིགས་སོགས་ལ་ཕན་པ་ཡིན།

{{#arraymap:གུར་ཏིག་

|; |@@@ | | }}