14179

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:00, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུས་པ་དད་ལྡན་གྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་དབང་པོ་སྒོ་བསལ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་པའོ། །ཕྱག་རྒྱ་བཅའ་ལུགས་ནི་འདི་ལྟར་ཏེ། མདོ་གཟེར་མིག་ལས། གཡོན་པའི་ཁྱོར་བ་གནམ་ལ་བསྟན་ནས་ཕར་ལ་བསྟབས། གཡས་པའི་སྤར་མོ་ས་ལ་བཀུག་ནས་ཚུར་ལ་དྲངས་སོ། །ཞེས་སོ། །དེའི་མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། གུས་པའི་མིང་སྟེ། གཡོན་པ་ཁྲུས་གསོལ་བའི་སྐྱོགས་ཀྱི་ཚུལ་ལ། གཡས་པ་ནི་རྡུལ་ཕྱི་བ་དང་། དབང་པོ་སྒོ་བསལ་བའི་བརྡའོ། །ཞེས་སོ། །
Domain ཆོས་ལུགས།

{{#arraymap:གུས་པ་དད་ལྡན་གྱི་ཕྱག་རྒྱ་

|; |@@@ | | }}