14178

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:00, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གུས་པ་ (1)
Part of speech མིང་ཚིག
Definition སེམས་དད་ཞེན་ནམ་སྤྲོ་དགའི་ངང་ནས་འདུད་པའི་དོན་ཏེ།
Example མཛད་རྗེས་ཅན་གྱི་བླ་མར་གུས་པ། ཕ་མ་དང་རྒན་རབས་ལ་གུས་པ་བྱེད་ལྟ་བུ།

{{#arraymap:གུས་པ་

|; |@@@ | | }}

གུས་པ་ (2)
Part of speech མིང་ཚིག
Definition ཡིད་དང་བས་འདུད་པ་སྟེ། ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བའི་ངོ་ཚ་ཤེས་པ་དང་རྣམ་གྲངས་སོ། །སྡེ་པ་གཞན་དག་ན་རེ། དགའ་བ་དང་གུས་པ་ཉིད་ནི་དད་པ་དང་ངོ་ཚ་ཤེས་པ་མ་ཡིན་གྱི་དད་པ་དང་གུས་པ་ནི་རིམ་པ་ལྟར་ཡོན་ཏན་ལ་ཡིད་ཆེས་པ་དང་ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བ་དང་བཅས་པ་ཡིན་ལ། དེ་གཉིས་ལས་སྐྱེས་པའི་དགའ་བ་དང་འཇིགས་པ་དང་བཅས་པས་འཛེམ་པ་ནི་རིམ་པ་ལྟར་དགའ་བ་དང་ངོ་ཚ་ཤེས་པ་ཡིན་ནོ་ཞེས་འདོད་དོ། །

{{#arraymap:གུས་པ་

|; |@@@ | | }}

གུས་པ་ (1)
Part of speech ཚབ་ཚིག
Definition རང་ཉིད་དམའ་ས་བཟུང་སྐབས་མིང་གི་ཚབ་ཏུ་བེད་སྤྱོད་གཏོང་དགོས་ཏེ།
Keyword True
Example གུས་པ་ནམ་རྒྱུན་སྐོར་བ་ལ་འགྲོ་བཞིན་ཡོད་ལྟ་བུ།

{{#arraymap:གུས་པ་

|; |@@@ | | }}