14182
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་དམ་ཆོས་པདྨ་དཀར་པོའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། སྟན་ལས་ལངས་པ་ནི་ཐེག་པ་རྣམ་གཉིས་ལས་འཕགས་ཤིང་སེམས་ཆེན་པོ་བསྐྱེད་པའི་དོན་ཏོ། །གོས་ཚགས་བཅོས་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པས་བརྒྱན་ཞེས་པའི་དོན་ཏོ། །ཕྲག་པ་གཅིག་ཏུ་གཟར་ཞེས་པ་ནི་ཐེག་པ་རྣམ་གཅིག་ལ་ཞུགས་ཤིང་བཀྲ་ཤིས་པའི་ཚུལ་སྟོན་པའོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཞེས་པ་ནི་ཐེག་པ་རྣམ་གཉིས་འཛིན་པའི་སེམས་ཐུལ་ཞེས་པའི་དོན། སེམས་གཅིག་ཏུ་བྱས་པ་ནི་ཐེག་པ་ཆེན་པོ་གཅིག་པོ་ཚོལ་གྱི་གཞན་མི་སེམས་པའི་དོན་ཏོ། །ཐལ་མོ་སྦྱར་ཞེས་པ་ནི་སངས་རྒྱས་ལ་འདུད་པ་དྲང་བ་དང་ངེས་པའི་དོན་བསྟན་པར་མོས་པའི་དོན་ཏོ། །གཞན་ཡང་ཐལ་མོ་སྦྱར་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་དགའ་བར་དམིགས་པའི་དོན་ཏོ། །མངོན་དུ་ལྟ་ཞིང་ཞེས་པ་ནི་ལུང་དང་གཞུང་གི་ཚུལ་རྟོགས་པར་འདོད་ཅེས་པའི་དོན་ཏོ། །གསོལ་ཏོ་ཞེས་པ་ནི་དད་པའི་མཚན་ཉིད་བསྟན་པའོ། ། |
Domain | ཆོས་ལུགས། |
{{#arraymap:གུས་པའི་ཚུལ་རྣམ་པ་དགུ་
|; |@@@ | | }}