14343

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:01, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གོ་པེ་ལ་ (1)
Part of speech མིང་ཚིག
Definition ཐོ་ལོ་ནོ་ཡོན་གྱི་སྲས་གཉིས་པ་མོང་གོལ་ཧན་གྱི་གཅུང་པོ་སེ་ཆེན་རྒྱལ་པོ་སྟེ། རབ་བྱུང་བཞི་པའི་ཤིང་ཕག་ཕྱི་ལོ་ ༡༢༡༥ ལོར་འཁྲུངས། ལྕགས་སྤྲེལ་ཕྱི་ལོ་ ༡༢༦༠ ལོར་རྒྱལ་སར་འཁོད། འགྲོ་མགོན་འཕགས་པ་མཆོད་གནས་སུ་བསྟེན་ནས་དབང་ཞུས། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ། ལྕགས་རྟ་ཕྱི་ལོ་ ༡༧༢༠ ལོར་འགྲོ་མགོན་འཕགས་པར་ཏི་ཤྲཱིའི་གོ་གནས་དང་། འཇའ་ས། ཤེལ་དམ་བཅས་ཕུལ། ལྕགས་ལུག་ཕྱི་ལོ་ ༡༢༧༡ ལོར་རྒྱལ་ས་པེ་ཅིང་དུ་སྤོས། རྒྱལ་མིང་ཏཱ་ཡོན་ཞེས་པར་བསྒྱུར། ལོ་ངོ་སོ་ལྔའི་རིང་རྒྱལ་སྲིད་བཟུང་། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་ལྔ་པའི་ཤིང་རྟ་ཕྱི་ལོ་ ༡༢༩༤ ལོར་འདས།

{{#arraymap:གོ་པེ་ལ་

|; |@@@ | | }}