14412

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:02, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གོ་འབྱམས་དགོན་ (1)
Part of speech མིང་ཚིག
Definition ཀཿཐོག་པའི་འབྲུ་ཚ་སྒང་པས་ཤང་ལང་གཤོང་གི་ལུང་པར་གོ་འབྱམས་གསང་སྔགས་ཆོས་གླིང་བཏབ། རབ་བྱུང་གསུམ་པའི་ས་ཡོས་ ༡༡༥༩ ལོར་ཁམས་ཀཿཐོག་བཏབ་པའི་དུས་དང་ཉེ་དགོས་པས་རབ་བྱུང་གསུམ་པ་དང་། ཕྱིལོའི་དུས་རབས་བཅུ་གཉིས་པའི་སྨད་ཙམ་ཡིན་སྙམ། ལྕགས་མདུད་དགོན་གྱི་ལོ་རྒྱུས་ནས་གསལ་བའི་འབྲུ་ཚ་སྒང་ལ་བརྩོན་འགྲུས་འབུམ་གྱིས་བཏབ་པ་ཡིན་ན། རབ་བྱུང་ལྔ་པ་དང་། ཕྱི་ལོའི་དུས་རབས་བཅུ་གསུམ་པར་ཡིན་དགོས། ཀཿཐོག་པའི་འབྲུ་ཚ་སྒང་པས་སྤ་རོང་བཞག་གསུམ་དུ་དགོན་གནས་བརྒྱད་དང་རྩ་བརྒྱད་བཏབ་པའི་ནང་གསེས་གཅིག་ཡིན་པར་གྲགས། རོང་སྟོན་འདིར་ཕེབས་སྐབས་ཐམས་ཅད་ཀྱིས་བླ་མ་ལ་རྒྱུས་ཆེར་མེད་སྟབས་གོ་བ་ནར་འབྱམས་སུ་སོང་བས་རྟེན་འབྲེལ་གྱི་དབང་གིས་དགོན་པ་ལ་གོ་འབྱམས་ཞེས་མིང་ཆགས་པ་རེད། རིག་འཛིན་ཀློང་གསལ་སྙིང་པོ་ཉག་ཡུལ་སྟོད་སྨད་ཀུན་ཏུ་ཕེབས་ནས་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་མཛད་དེ་ཞིང་འདིར་བྱོན་ནས་བྱིན་གྱིས་བརླབས། བདུད་འདུལ་ཀློང་གསལ་གྱི་ཆོས་རྒྱུན་དབུ་ཚུགས། བཀའ་བརྒྱད་གསང་རྫོགས་དང་། མ་ཏིའི་སེང་གདོང་། བདུད་ཀློང་ཆོས་སྐོར་སོགས་ཀྱིས་ཕྱག་བཞེས་གནང་། དེ་ནས་གྲུབ་ཆེན་པདྨ་བདུད་འདུལ་དགོན་འདིར་ཕེབས་ནས་དམ་རྫས་ཨ་མ་རིལ་བུ་གཏེར་དུ་བཞེས། གནས་ལ་སྒྲུབ་པ་མཛད་དེ་གྲུབ་རྟགས་ངོ་མཚར་བ་དུ་མ་ད་ལྟ་ཡང་མཇལ་རྒྱུ་ཡོད། དགོན་གནས་སུ་ཞག་བདུན་ཙམ་གུར་ནང་བཞུགས་ནས་གནས་དང་སྡེ་དགོན་ཀུན་ལ་བཀྲ་ཤིས་པའི་བུམ་པ་འཇོག་པ། རི་ཁྲུས་དང་བརྟན་བཞུགས་སོགས་རྒྱས་པ་གནང་། ཆོས་སྒོ་ཕྱེས་པ་ནས་བཟུང་ལྷ་ཁང་ཉམས་གསོ་དང་། དུས་མཆོད་རྣམས་ཉམས་གསོ་བྱས། ལྷག་པར་དུ་དུས་མཆོད་རྣམས་ཀྱི་གར་ཐིག་དབྱངས་རོལ་རྣམས་སྔར་རྒྱུན་གྱི་ཕྱག་བཞེས་ཐམས་ཅད་སོར་ཚུད་པར་བྱས་ནས་གྲྭ་བ་ལྔ་བཅུ་ཙམ་བཞུགས།