14460

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:03, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གོ་ཤྲི་ཀརྨ་རབ་བརྟན་ (1)
Part of speech མིང་ཚིག
Definition ཡབ་ནང་ཆེན་ཀུན་དགའ་རྒྱལ་པོ་དང་ཡུམ་ངོམ་བཟང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཆུ་ཡོས་ཕྱི་ལོ་ ༡༦༠༣ ལོར་སྐུ་འཁྲུངས། སྟོད་ཕྱོགས་སུ་བྱོན་ཏེ་ལྷ་ལྡན་ཇོ་བོ་རིན་པོ་ཆེ་མཇལ། གཞན་ཡང་དབུས་ཕྱོགས་ཀྱི་རྟེན་བླ་མ་མང་དུ་མཇལ་ཞིང་བཞུགས། སླར་ཡང་རབ་ལོ་བཅུ་གཅིག་པའི་ས་ཡོས་ཕྱི་ལོ་ ༡༦༣༩ ཟླ་བ་ལྔ་པའི་ནང་བེ་རུའི་ཐོག་དཔུང་ཚོགས་རྣམས་བཏེགས་སྐབས། འབྲུག་མདོ་ཁམས་པའི་ཕྱག་མཛོད་གོ་འཇོ་གཉེར་རྒོད་མ་དང་བཀའ་བསྒྲོས་ཏེ་སོག་དམག་གི་སྣ་དྲངས། རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ཕྱི་ལོ་ ༡༦༤༠ བེ་རུ་རྒྱལ་པོ་དམག་དཔོན་མི་བརྒྱ་རྟ་བརྒྱ་དང་བཅས་པ་ཡུ་མེད་དུ་བཏང་ཞིང༌། ཆབ་མདོར་གསོན་སྐམ་བྱས། གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་ས་སྡེ་སྔར་བཞག་སོར་གནས་དགོས་པའི་ཤེ་བམ་གནང་ཆ་དཔག་མེད་མཛད། སྐད་རིགས་མི་གཅིག་པའི་སྡེ་མང་པོ་མངའ་འོག་ཏུ་བསྡུས། ནང་ཆེན་པའི་བླ་རབས་དང་རྒྱལ་རབས་ལ་འདི་སྟོབས་ཆེ་བར་གྲགས། དགུང་ལོ་ཞེ་ལྔ་རབ་བྱུང་བཅུ་གཅིག་པའི་མེ་ཕག་ཕྱི་ལོ་ ༡༦༤༧ ལོར་སྐུ་གཤེགས།