14475

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:03, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གོ་སྒྲུབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དོན་བདུན་ཅུའི་ནང་གསེས་ཤིག ཐེག་ཆེན་ལ་འཇུག་པའི་ཐབས་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའམ་དེའི་གོ་ཆ་བགོས་པ་ལ་ཟེར། དཔེར་ན་དཔའ་བོ་གཡུལ་དུ་ཞུགས་ནས་ཕ་རོལ་པོ་ལས་རྒྱལ་བ་ལ་ཐོག་མར་སྲ་བའི་གོ་བགོས་ཤིང་རྣོ་བའི་མཚོན་ཐོགས་དགོས་པ་བཞིན་ནོ། །མཚན་ཉིད་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས་ནི། ཕཪ་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། གོ་སྒྲུབ་ཀྱི་མཚན་ཉིད། ཅེས་གསུངས། དབྱེ་ན། སྦྱིན་པའི་གོ་སྒྲུབ། ཚུལ་ཁྲིམས་གོ་སྒྲུབ། བརྩོན་འགྲུས་གོ་སྒྲུབ། བཟོད་པའི་གོ་སྒྲུབ། བསམ་གཏན་གོ་སྒྲུབ། ཤེས་རབ་གོ་སྒྲུབ་བཅས་དྲུག་ཡོད། ཡང་དེ་ཉིད་ལས། སྦྱིན་པའི་གོ་སྒྲུབ་ལ་སྦྱིན་པ་ཡིན་པས་མ་ཁྱབ་པ་དེ་བཞིན་དུ། ཤེས་རབ་གོ་སྒྲུབ་ཤེས་རབ་ཡིན་པས་མ་ཁྱབ་པའི་བར་རིགས་བགྲེ། སྦྱིན་པ་དང་སྦྱིན་པའི་གོ་སྒྲུབ་ལ་མུ་བཞི་ཡོད་དེ། ཉན་རང་གི་སྦྱིན་པ་སྦྱིན་པ་ཡིན་ཀྱང་སྦྱིན་པའི་གོ་སྒྲུབ་མ་ཡིན་པའི་མུ་དང་། སྦྱིན་པའི་གོ་སྒྲུབ་ཀྱི་ནང་ཚན་དུ་གྱུར་པའི་ཚུལ་ཁྲིམས་དང་བཟོད་པ་སོགས་སྦྱིན་པའི་གོ་སྒྲུབ་ཡིན་ལ། སྦྱིན་པ་མ་ཡིན་པའི་མུ། སྦྱིན་པའི་གོ་སྒྲུབ་ཀྱི་ནང་ཚན་དུ་གྱུར་པའི་སྦྱིན་པ་དེ་གཉིས་ཀ་ཡིན་པའི་མུ། བུམ་པ་ལྟ་བུ་དེ་གཉིས་མ་ཡིན་པའི་མུར་བྱེད་པའི་ཕྱིར། ཞེས་སོགས་ཀྱང་གསུངས།
Domain ཆོས་ལུགས།

{{#arraymap:གོ་སྒྲུབ་

|; |@@@ | | }}

གོ་སྒྲུབ་ (2)
Part of speech མིང་ཚིག
Definition འཕགས་པ་ལྟར་ན་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་འཇུག་པར་བྱའོ་སྙམ་པའི་བསམ་པས་ཁྱབ་པར་བྱས་པ་ནི་གོ་བགོས་པའི་དོན་ཏེ། འཇིག་རྟེན་ན་གཡུལ་ལ་འཇུག་པའི་ཆེད་དུ་ཡ་ལད་ལ་སོགས་བགོས་པ་ལ་གོ་བགོས་པར་བརྗོད་པ་བཞིན་ནོ། ། སློབ་དཔོན་ལྟར་ན་བསྒོམ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་སྒོམ་བྱེད་འཁོར་གསུམ་མི་དམིགས་པའི་བསམ་པས་གོ་བགོས་པ་སྟེ། འགྲེལ་པར་གོ་རིམ་བཞིན་དུ་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་གོ་བྱ་ཉིད་ཀྱི་བྱེད་པ་དང་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། པཎ་ཆེན་ཤཱཀྱ་མཆོག་གིས། གོ་སྒྲུབ་ཀྱི་མཚན་ཉིད་ནི། ཡུལ་མཁྱེན་གསུམ་གྱི་སྒྲུབ་པས་ཟིན་པའི་ཡུལ་ཅན་ཕྱིན་དྲུག་གི་ཉམས་ལེན་ལ་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕྱིན་དྲུག་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་ལེན་པའོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། །

{{#arraymap:གོ་སྒྲུབ་

|; |@@@ | | }}

གོ་སྒྲུབ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། སྦྱིན་སོགས་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཉམས་ལེན་གྱི་བྱ་བས་ཟིན་པའི་སེམས་དཔའི་རྣལ་འབྱོར། གོ་སྒྲུབ་ཀྱི་མཚན་ཉིད། ཅིའི་ཕྱིར་གོ་སྒྲུབ་ཅེས་བརྗོད་པ་ཡིན་ཞེ་ན། ཕར་ཕྱིན་དྲུག་ལྡན་གྱི་བསམ་པ་རྒྱ་ཆེན་པོའི་གོ་ཆ་དང་ལྡན་པའི་སྒྲུབ་པ་ཡིན་པས་ན་དེ་ལྟར་བརྗོད་པ་ཡིན་ནོ། །གསུམ་པ་ནི། དེ་ལ་དབྱེ་ན། སྦྱིན་པའི་གོ་སྒྲུབ་སོགས་དྲུག་ཏུ་ཡོད། གོ་སྒྲུབ་ལ་དྲུག་པོ་དེེར་གྲངས་ངེས་ཏེ། ཉམས་སུ་བླང་བྱའི་ཕར་ཕྱིན་དེ་ལ་སྦྱིན་པའི་ཕར་ཕྱིན་ནས་ཤེས་རབ་ཀྱི་ཕར་ཕྱིན་གྱི་བར་དྲུག་ཏུ་གྲངས་ངེས་པའི་ཕྱིར། དེས་ན་གོ་སྒྲུབ་ལ་དབྱེ་ན། སུམ་ཅུ་རྩ་དྲུག་ཏུ་ཡོད་ཀྱང༌། བསྡུ་ན། སྦྱིན་པའི་དེ་ནས་ཤེས་རབ་ཀྱི་དེའི་བར་དྲུག་ཏུ་འདུས་ཏེ། སྦྱིན་པའི་དྲུག་པོ་དེ་སྦྱིན་པའི་གོ་ཆར་ཆོས་མཚུངས་པ་ནས་ཤེས་རབ་ཀྱི་དྲུག་པོ་ཤེས་རབ་ཀྱི་གོ་ཆར་ཆོས་མཚུངས་པའི་བར་ཡིན་པའི་ཕྱིར། བཞི་པ་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། ལྔ་པ་སྟོན་པ་ལ། མདོ་སྡེ་རྒྱན་ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་སྒོམ་པའི་ཡོན་ཏན་དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕུན་ཚོགས་རྣམ་ངེས་ཡིན་ཞེས་བྱ། །ཞེས་གསུངས། དེའི་དོན་འཆད་པ་ལ་དགུ་ཡོད་པ་ལས། དང་པོ་གྲངས་ངེས་ནི། བྱང་སེམས་ཀྱི་སྤྱོད་པ་ཉམས་ལེན་དེ་ལ་ཕྱིན་དྲུག་གི་ཉམས་ལེན་དྲུག་ཏུ་གྲངས་ངེས་ཏེ། དེ་ལ་མངོན་མཐོ་དང་ངེས་ལེགས་ཀྱི་བྱ་བ་ལ་ལྟོས་ཏེ་དེར་ངེས་པ་གང་ཞིག བསླབ་པ་གསུམ་ཡོངས་སུ་རྫོགས་པར་བྱེད་པ་ལ་ལྟོས་ནས་ཀྱང་དེར་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། སྦྱིན་པས་ལོངས་སྤྱོད་དང༌། ཚུལ་ཁྲིམས་ཀྱིས་ལུས་དང༌། བཟོད་པས་འཁོར་དང༌། བརྩོན་འགྲུས་ཀྱིས་བྱ་བའི་རྩོམ་པ་ཕུན་སུམ་ཚོགས་པར་བྱས་པའི་སྒོ་ནས་མངོན་པར་མཐོ་བའི་བྱ་བ་ཡོངས་སུ་རྫོགས་པར་བྱེད། བསམ་གཏན་གྱིས་རྟག་ཏུ་ཉོན་མོངས་པའི་དབང་དུ་མི་འགྲོ་བ་དང༌། ཤེས་རབ་ཀྱིས་ཡུལ་གྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་བརྟེན་ནས་ངེས་ལེགས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར། དེ་ལྟར་ཡང་དེ་ཉིད་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་གསུངས་སོ། །

{{#arraymap:གོ་སྒྲུབ་

|; |@@@ | | }}

གོ་སྒྲུབ་ (4)
Part of speech མིང་ཚིག
Definition ཕྱིན་དྲུག་ཉམས་ལེན་གྱིས་བྱ་བས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། དེ་དང་ཐེག་ཆེན་སྒྲུབ་པ། ལམ་ཤེས་སྦྱོར་བ། རྣམ་མཁྱེན་སྦྱོར་བ། ལམ་ཤེར་ཕྱིན། སེམས་དཔའི་མངོན་རྟོགས་རྣམས་དོན་གཅིག གོ་སྒྲུབ་དེ་ལ་སྦྱིན་པའི་གོ་སྒྲུབ་ནས་ཤེས་རབ་ཀྱི་གོ་སྒྲུབ་བར་དྲུག་ཡོད་ཅིང༌། གཏོང་བའི་སེམས་པ། སྦྱིན་པའི་མཚན་ཉིད་ཡིན། སྤོང་བའི་སེམས་པ། ཚུལ་ཁྲིམས་ཀྱི་མཚན་ཉིད་ཡིན་པ་ལ་སོགས་པ་ཤེས་པར་བྱའོ། །སྦྱིན་པའི་ཉམས་ལེན་གྱིས་བསམ་པས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། སྦྱིན་པའི་གོ་སྒྲུབ་ཀྱི་མཚན་ཉིད་ཡིན་པ་ནས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། ཤེས་རབ་ཀྱི་གོ་སྒྲུབ་ཀྱི་མཚན་ཉིད་ཡིན་པའི་བར་ཡིན་ནོ། །གོ་སྒྲུབ་དྲུག་པོ་དེ་ཡང་ཡིན་ཁྱབ་མཉམ་ཡིན་ཏེ། སེམས་དཔའི་མངོན་རྟོགས་ཡིན་ན། དེ་དྲུག་ཀ་ཡིན་དགོས་པའི་ཕྱིར། དེ་ཡིན་ན། ཕྱིན་དྲུག་ཉམས་ལེན་གྱི་བྱ་བས་ཟིན་པས་ཁྱབ་པའི་ཕྱིར། གོ་སྒྲུབ་ལ་རྒྱས་པར་དབྱེ་ན་སུམ་ཅུ་རྩ་དྲུག་ཡོད་དེ། སྦྱིན་པའི་སྦྱིན་པའི་གོ་སྒྲུབ་ནས་སྦྱིན་པའི་ཤེས་རབ་ཀྱི་གོ་སྒྲུབ་ནས་བཟུང༌། ཤེས་རབ་ཀྱི་སྦྱིན་པའི་གོ་སྒྲུབ་ནས་ཤེས་རབ་ཀྱི་ཤེས་རབ་ཀྱི་གོ་སྒྲུབ་ཀྱི་བར་དྲུག་ཚན་དྲུག་ཏུ་ཡོད་པའི་ཕྱིར་ཏེ། དེ་ཉིད་ལས། དྲུག་ཚན་དྲུག་གི་ཇི་བཞིན་བཤད། །ཅེས་གསུངས་པའི་ཕྱིར། དེས་ན་གོ་སྒྲུབ་དེ་ལ་སོ་དྲུག་ཏུ་འབྱེད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་རྣམས་ཀྱིས་སྦྱིན་པ་ཉམས་སུ་ལེན་པའི་ཚེ། སྦྱིན་པའི་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པར་བྱེད་པ་ནས། ཤེས་རབ་ཉམས་སུ་ལེན་པ་དེའི་ཚེ་ཤེས་རབ་ཀྱི་ཕར་ཕྱིན་དྲུག་ལྡན་ཉམས་སུ་ལེན་པར་བྱེད་པའི་བར་ཡིན་པའི་ཕྱིར།

{{#arraymap:གོ་སྒྲུབ་

|; |@@@ | | }}

གོ་སྒྲུབ་ (5)
Part of speech མིང་ཚིག
Definition ཇོ་ནང་། གོ་སྒྲུབ་ཀྱི་མཚན་ཉིད། ཕར་ཕྱིན་ཉམས་སུ་ལེན་པར་གོོ་བགོས་པའི་སེམས་དཔའི་མངོན་རྟོགས། འདིར་དངོས་བསྟན་གྱི་མཚན་ཉིད་ནི། ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པར་གོ་བགོས་པའི་སེམས་དཔའི་མངོན་རྟོགས། མཚན་གཞི། ཕར་ཕྱིན་དྲུག་གིི་ཉམས་ལེན་གྱི་བྱང་སེམས་ཀྱི་ལམ་ལྟ་བུའོ། །ཉ་དཔོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། གོ་ཆའི་སྒྲུབ་པའི་མཚན་ཉིད། བྱང་སའི་སྒྲུབ་པ་གང་ཞིག་བསམ་པའི་བྱ་བ་སྟེ། ཡང་ཉ་ཊཱིཀ་ལས། འདིར་སྨོས་གོ་སྒྲུབ་ཀྱི་མཚན་ཉིད། གང་ཞིག་ཕྱིན་དྲུག་རེ་རེར་དྲུག་དྲུག་ཚང་བར་ཉམས་སུ་ལེན་པར་གོ་བགོས་པའོ། །དབྱེ་ན། སྦྱིན་པའི་སྦྱིན་པའི་གོ་སྒྲུབ་དང་སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་སྒྲུབ་སོགས་གོ་སྒྲུབ་སོ་དྲུག་ཡོད་དོ། །ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་ཕར་ཕྱིན་མདོ་ལུགས་མ་ལས། སྔར་གོ་སྒྲུབ་ཏུ་ནི་རང་རང་ལས་ཕྱེ་བ་དྲུག་དྲུག་རང་རང་ལ་སོ་སོར་བསྡུས་པ་ཡིན་ལ་འདིར་ནི་རང་རང་ལས་མ་ཕྱེ་བ་དྲུག་པོ་རེ་རེས་ལྔ་ལྔ་ཕན་ཚུན་བསྡུས་པའི་ཕྱིར་འདི་གཉིས་སྡུད་ཚུལ་གཅིག་ཏུ་འཆད་པ་མདོ་དང་འགལ་ལོ། །མདོ་ལུགས་མ་ལས། གོ་ཆའི་སྒྲུབ་པ་འདི་ནི་སེམས་བསྐྱེད་པ་ཉིད་ནས་རྩོམ་སྟེ། བསམ་པ་རྒྱ་ཆེ་བ་ཉིད་གཙོ་བོར་འབྱུང་ཞེས་དང་། ཇོ་ནང་ས་བཟང་མ་ཏི་པན་ཆེན་གྱིས། མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། རྣམ་དབྱེ་ནི་ལས་དང་པོ་པའི་ས་དང་། དད་པའི་ས་དང་ཐར་པ་ཆ་མཐུན་དང་། གོ་ཆའི་སྒྲུབ་པ་ལ་སོགས་པའོ། །མཚོན་བྱའི་སྒྲ་དོན་ནི། སྦྱིན་པའི་གོ་སྒྲུབ་སོགས་དྲུག་པོ་དེ་དག་སོ་སོར་ཤེས་རབ་ཀྱི་གོ་སྒྲུབ་བར་ཉམས་སུ་ལེན་པའི་སྒོ་ནས་གཞན་དོན་དུ་རྣམ་མཁྱེན་དོན་གཉེར་གྱི་བསམ་པས་ཀུན་ནས་བསླངས་ཏེ་ཐེག་པ་ཆེན་པོའི་ལམ་འབྲས་ཉམས་སུ་ལེན་པའི་མངོན་རྟོགས་དེ་ལ་གོ་ཆའི་སྒྲུབ་པ་ཞེས་བྱའོ། །

{{#arraymap:གོ་སྒྲུབ་

|; |@@@ | | }}