14516

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:04, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གོང་མ་སྲེག་ (1)
Part of speech མིང་ཚིག
Definition བྱ་སྲེག་པའི་མིང་ཡིན་ཞིང་། གཤོག་བཀྲ་ཡང་ཟེར། མགོའི་སྤྱི་བོ་དང་ཨོལ་མ་ཁམ་སྐྱ་དང་། ཐོད་པ་དང་། ཕྲག་པ། འགྲམ་པ་རྣམས་སེར་སྐྱ། རྣ་བའི་སྒྲོ་སྤུ་བཙན་ཁ་ཡིན། མིག་གི་འོག་ངོས་ན་དཀར་ཐིག་ཅིག་ཡོད་པའི་འོག་མཐའ་ནག་པོ་ཡིན། རྒྱབ་ངོས་ཐམས་ཅད་ཁམ་སྐྱ་དང་སྒྲོ་ཐམས་ཅད་ལ་བཙན་ཁའི་ཐིག་ལེ་ཡོད། སྣེ་ལ་ཉེ་སར་འཕྲེད་ཐག་བཙན་ཁ་ཞེང་ཆེ་བ་ཞིག་ཡོད། གཤོག་སྒྲོའི་ནང་ངོས་ཀྱི་སྒྲོ་ཆུང་དང་སྒྲོ་ཆེན་གྱི་མདོག་མ་གདན་ནི་རྒྱབ་ཀྱི་མདོག་དང་འདྲ་ཞིང་བཙན་ཁའི་ཁྲ་ཐིག་གྲུ་བཞི་མ་དང་དཀར་ཐིག་གསལ་པོ་ཡོད། གཤོག་པའི་ངོས་ཀྱི་སྒྲོ་ཆུང་དང་སྒྲོ་ཆེན་རྣམས་ཁམ་ཁམ་ལ་འཕྲེད་ཐིག་ཡོད་པ་ཞིག་ཡིན། ཨོལ་མ་དང་གྲེ་བ་སེར་སྐྱ་དང་། ལོགས་གཉིས་ཀྱི་སྒྲོ་སྤུ་རིང་པོ་སྨ་རའི་ཚུལ་དུ་ཡོད། བྲང་དཀྱིལ་སེར་སྐྱ་ཡིན། ལྟོ་ཁམ་སྐྱ་དཀར་ཤས་འདྲེས། ལྟོ་ངོས་ཀྱི་དཀྱིལ་ན་ནག་ཐིག་རྟ་རྨིག་གི་དབྱིབས་ཅན་ཡོད། སྲེག་པ་མོ་ལ་དེ་འདྲ་མེད། རྔ་སྒྲོ་དབུས་མ་ཁམ་སྨུག་གི་ཐོག་ཆུ་སེར་ལྟ་བུ་ཡོད། ལོགས་ཀྱི་རྔ་སྒྲོ་བཙན་ཁ་ཡིན། རི་ཐང་དུ་གནས་པའི་ཆ་ཆུང་ཕུག་རོན་ལས་ཆུང་ཙམ་ལ་གོམས་འདྲིས་སོགས་ཕལ་ཆེར་གོང་མ་སྲེག་དང་འདྲ་ཡང་རྒྱུན་དུ་སྐད་མ་འབྱིན། གཙོ་བོར་རྩི་ཤིང་གི་ས་བོན་བཏུས་ནས་ཟ་ཞིང་། སྲིན་བུའང་ཟ་གི་ཡོད་པ་རེད།

{{#arraymap:གོང་མ་སྲེག་

|; |@@@ | | }}