14521

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:04, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གོང་མའི་ཆ་མཐུན་ལྔ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། གོང་མ་གཉིས་ཀྱི་འདོད་ཆགས། དེར་སྐྱེ་བའི་རྒྱུའི་གཙོ་བོ་དང གོང་མའི་ང་རྒྱལ། མ་རིག་པ། རྒོད་པ་རྣམས་ཁམས་གོང་མའི་འཁོར་བ་མི་གཏོང་བའི་རྒྱུར་གསུངས་སོ། །
Domain ཆོས་ལུགས།
གོང་མའི་ཆ་མཐུན་ལྔ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། གོང་མའི་ཆ་མཐུན་ལྔ་ནི། གཟུགས་ཀྱི་འདོད་ཆགས་དང། གཟུགས་མེད་ཀྱི་འདོད་ཆགས། རྒོད་པ། ང་རྒྱལ། མ་རིག་པ་བཅས་ཡིན་ནོ། །ལྔ་པོ་འདི་ལ་གོང་མའི་ཆ་མཐུན་ཞེས་ཀྱང་བྱ་སྟེ། ཁམས་གོང་མ་དང་ཆ་མཐུན་པའི་ཕྱིར།
གོང་མའི་ཆ་མཐུན་ལྔ་ (3)
Part of speech མིང་ཚིག
Definition མངོན་པ། བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། གོང་མའི་ཆ་མཐུན་ལྔ་ཡོད་དེ། གཟུགས་མེད་ཀྱི་སས་བསྡུས་ཀྱི་འདོད་ཆགས་གཉིས། རྒོད་པ་དང་། ང་རྒྱལ་དང་། རྨོངས་པ་སྟེ་མ་རིག་པ་རྣམས་སུ་ཡོད་པའི་ཕྱིར། དགྲ་བཅོམ་པ་རྣམས་དེ་སྤངས་པའི་ཆ་ནས་འཇོག་པའི་རྒྱུ་མཚན་ཡང་སྔར་གྱི་རིགས་པ་ལ་བརྟེན་ནས་ཤེས་ནུས་སོ།
གོང་མའི་ཆ་མཐུན་ལྔ་ (4)
Part of speech མིང་ཚིག
Definition ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས། ཡང་ཐུབ་པས་གོང་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔ་ཉིད་གསུངས་ཏེ། ཇི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་ལས་སྐྱེས་པའི་འདོད་ཆགས་གཉིས་དང་རྒོད་པ་དང་། ང་རྒྱལ་དང་རྨོངས་པའོ། །དེ་རྣམས་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བས་སོ། །ཡང་གོང་མའི་འདོད་ཆགས་གཉིས་ཀྱིས་ཁམས་གོང་མ་ཉེ་བར་ལེན་ཅིང་། ཕྱི་མ་གསུམ་གྱིས་ལུས་བླངས་པ་མི་གཏོང་བས་གོང་མའི་ཆ་མཐུན་ཞེས་ཐོགས་མེད་བཞེད་དོ་ཞེས་སོ། །