14606
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངལ་དུ་ཕྲུ་གུ་ཆགས་ནས་ཞག་བདུན་ཕྲག་བཞི་པའི་སྐབས་ཀྱི་མངལ་གནས་ཀྱི་གཟུགས་དབྱིབས་འགྱུར་བའི་གོ་རིམ་གྱི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། གོར་གོར་པོ་དང་མེར་མེར་པོ། ལྟར་ལྟར་པོ་དང་ནུར་ནུར་པོ། མངལ་ན་གནས་པའི་ལུས་ཅན་གྱི། གཟུགས་འགྱུར་འཕེལ་བའི་གོ་མིང་ཞེས་དང། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻཌཱུར་སྔོན་པོ་ལས། དེ་ཡང་བདུན་ཕྲག་བཞི་པ་འདིའི་སྐབས་ཁུ་ཁྲག་གཉིས་ཞོ་ཆགས་པ་ལྟ་བུ་དེ་ལས་འགྱུར་ནས། གོར་གོར་པོ་སྟེ། ཅུང་ཟད་སྲ་ཞིང་འདྲིལ་བའི་རྣམ་པ། ཞེས་གསུངས་པ་དང། གཞན་ཡང་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་མངལ་དུ་ས་བོན་འཛིན་ནས་ཞག་དང་པོའི་དུས་སུ་བཞག་པའང་མཆིས་ཏེ། ཇི་སྐད་དུ། དང་པོ་ཞག་བདུན་ལས་ཀྱི་རླུང། རྒྱུ་སྟེ་མེར་མེར་པོ་དེ་ནི། ཀུན་གཞི་འཛིན་པའི་རླུང་ཞེས་པས། དང་པོའི་ཞག་ནི་གཅིག་ནའོ། །ཞེས་གསུངས་ཀྱང་དཔལ་ལྡན་རྒྱུད་བཞིའི་ལྟར་ན་གོང་མ་དང་མཐུན་པ་ཡིན་ནོ། ། |