14815

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:07, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངག་གི་གདམས་ངག་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། གདམས་ངག་གསུམ་ལ་གསུམ་ཚོ་ལྔ་ཡོད་པའི་ནང་གསེས་ཀྱི་གསུམ་ཚོ་གཅིག་ཡིན། མདོ་དགོངས་པ་འདུས་པའི་ལེའུ་གཉིས་པ་ལས། བདེན་པར་སྨྲ་བར་བྱའོ། །ཚིག་མི་འགྱུར་བར་བྱའོ། །ཇི་སྐད་སྨྲས་པ་བཞིན་དུ་བྱའོ། །ཞེས་གསུངས་པའི་དོན། གཟི་ལྡན་འཆར་ཁའི་འོད་སྣང་ལས་བྱུང་བ་ལྟར། དོན་རྗེས་ཚིག་གིས་འཚོབ་པས་བརྗོད་པ་ཅི་ལའང་རྫུན་པ་སྤངས་ཏེ་བདེན་པར་སྨྲ་བ། ཚིག་རྗེས་ཚིག་གིས་འཚོབ་སྟེ་ངག་གི་བརྗོད་པ་བཞིན་ཕྱིས་རྗེས་སུ་སྙོག་པས་ཚིག་མི་འགྱུར་བར་བྱ་བ། ཚིག་རྗེས་དོན་གྱིས་འཚོབ་པས་ངག་གིས་ཇི་སྐད་སྨྲས་པ་བཞིན་དུ་སྒོ་གསུམ་གྱིས་སྤྱོད་པར་བྱ་བ་དང་གསུམ་མོ། །
Domain [ཆོས་ལུགས།, ལྟ་གྲུབ།]