14818

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:07, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངག་གི་ཆད་པ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ རྫུན་ནི། བདག་ཉིད་ལ་བདག་ཉིད་སླུ་ཞིང་གཞན་ཡང་སླུ་བ་ཡིན་ཏེ། སྨྲས་པའི་ཚེ་རྒྱལ་པོའམ། བློན་པོའི་མངོན་སུམ་དུ་གཞན་དག་ལ་གནོད་པའམ། འཕྲོག་པར་བྱེད་པ་ལོག་པས་བསྐྱེད་པའི་རྫུན་གྱི་སྐྱོན་རབ་ཏུ་འཇུག་པ་འདི་ནི་བརྫུན་དུ་སྨྲ་བ་ངག་གི་ཆད་པ་རྫོགས་པ་ཡིན་ཏེ། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་ཡིན་ནོ། །༢ ཕྲ་མ་ནི། དོན་གཅིག་ལ་མཐུན་པར་ཞུགས་པ་རྣམས་ལ་དབྱེན་བྱ་བའི་བསམ་པས་ཚིག་རྗོད་པར་བྱེད་པ་འདི་ནི་ཕྲ་མའི་ཆད་པ་ཡིན་ནོ། །༣ ཚིག་རྩུབ་པོའི་ཆད་པ་ནི། རྣལ་འབྱོར་སྤྱོད་པ་ཆོས་དང་། ལས་དང་། ཀུན་འབྱུང་བ་མཐོང་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པས་མཐོང་སྟེ། འདི་ནི་ཚིག་རྩུབ་པོས་བདག་གདུང་བར་བྱེད་ཅིང་ཡིད་དུ་མི་འོང་བ་རྣ་བར་ཐོས་ལ་གླགས་སྐྱེད་པར་བྱེད། དེ་གཞན་ལ་གནས་ཏེ་མཁྱུད་པ་དང་། འཆགས་པ་དང་། དགོད་པ་དང་། ཁྲོ་བའི་བསམ་པས་རྣམ་པར་སྨིན་པ་དུ་མ་རྣམ་པ་དུ་མའོ། །༤ ཚིག་ཀྱལ་པའི་ཆད་པ་ནི། རྣལ་འབྱོར་སྤྱོད་པ་ལས་དང་། ཆོས་དང་། རྣམ་པར་སྨིན་པའི་རྣམ་པ་དུ་མ་ཤེས་པ་ཡིན་ཏེ། ཚིག་ཀྱལ་པ་ཞེས་བྱ་བ་སྔ་ཕྱི་འབྲེལ་པ་མེད་པའི་ཚིག་ཀྱལ་པ་སྔ་མ་ཕྱི་མར་མི་སྦྱོར་བ་ཡིན་ཏེ། མྱོང་བར་འགྱུར་བ་མ་ངེས་ཤིང་ཁ་ན་མ་ཐོ་བ་མི་མང་བ་ཡིན་པ་འདི་ནི་ངག་གི་ཆད་པ་ཡིན་པའོ། །
Domain ཆོས་ལུགས།