14884

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:08, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ངག་དབང་ཕན་བདེ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༡༠༤ ངག་དབང་ཕན་བདེ་ཞལ་སྔ་ནས་ནི། བོད་ཤར་ཕྱོགས་མི་ཉག་ཁྲོ་བོ་ཚང་ཞེས་པའི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག། །ཕྱི་ལོ་ ༡༨༩༠ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་འཁྲུངས། མི་རིང་བར་ཡུལ་དགོན་ས་སྐྱ་ཆོས་བརྒྱུད་ཆུ་མིག་དགོན་དུ་ཆོས་ཞུགས་མཛད། དེ་ནས་རིམ་པས་དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་བློ་གླིང་གྲྭ་ཚང་དུ་ཞུགས་ཏེ། དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་གནང་སྟེ་དགེ་བཤེས་ལྷ་རམས་ཨང་དང་པོའི་མཚན་བཞེས་མཛད། སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་འཇོག་གྲུབ་རྗེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་གསན་སྦྱངས་མཛད་ཅིང། དེ་ནས་རིམ་པས་སྔགས་དམ་འཇོག་དང་། དགེ་བསྐོས། བླ་དབུ། མཁན་པོ་བཅས་གནང་སྟེ་རྒྱུད་འགྲེལ་འཆད་ཉན་སོགས་རྒྱུད་ཆེན་གོང་མའི་རྣམ་ཐར་བདག་གིས་མཛད་ཅིང་བསྟན་པའི་བྱ་བ་རླབས་ཆེན་མཛད། དེ་ནས་ ༡༩༥༠ ལྕགས་ཕོ་སྟག་གི་ལོར་མཁན་ཟུར་ཕེབས་ནས་ཀྱང་བླ་སྤྲུལ་དགེ་བཤེས་དུ་མར་ཟབ་རྒྱས་ཆོས་ཀྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་འགོད་ཕྱིར་རེ་ཞིག་སྐུའི་བཀོད་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན།